རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་གུས་བརྩི་དགོས་བ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་སྐུལ་ལྕགས་གནང་འདུག

ད་བར་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་དཔང་རྟགས་ར་སྤྲོད་གསལ་སྟོན་དགོས་པ་དང་བོད་ནང་གི་ཆོས་དད་རང་དབང་ལ་གུས་བརྩི་དགོས་བ་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་ནག་ལ་ལྐུལ་ལྕགས་གནང་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་གུས་བརྩི་དགོས་བ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་སྐུལ་ལྕགས་གནང་པ། སྒྲིག་བཟོ།/RFA

ད་བར་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་དཔང་རྟགས་ར་སྤྲོད་གསལ་སྟོན་དགོས་པ་དང་། བོད་ནང་གི་ཆོས་དད་རང་དབང་ལ་གུས་བརྩི་དགོས་བ་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་དང་། ཨ་རིའི་ཕྱི་སྲིད་ལས་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Rashad Hussain)་ལགས་གཉིས་ཀྱིས་སོ་སོར་(Twitter)་བརྒྱུད་རྒྱ་ནག་ལ་སྐུལ་ལྕགས་གནང་འདུག

དེ་ཡང་འདི་ཚེས་༢༥པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན། ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༧པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང་། ཁོང་གི་བདེ་དོན་ཐད་ར་སྤྲོད་ཐུབ་པའི་དཔང་རྟགས་སྤྲོད་དགོས། པཎ་ཆེན་རིན་པོ་ཆེ་ཁོང་ཉིད་ལ་ཁོང་གི་སྐོར་གསུངས་འཇུག་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། ཨ་མི་རི་ཀས་བོད་མི་མང་གི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། བོད་མི་རྣམས་ཀྱིས་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དང་སློབ་གཉེར་འབུལ་རྒྱུ། དེ་བཞིན་དད་གུས་ཞུ་རྒྱུ་ལ་སོགས་པར་རྒྱབ་སྐྱོར་གནང་གི་ཡོད་སྐོར་བསྒྲགས་འདུག
དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Rashad Hussain)་ལགས་ཀྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལོ་ངོ་༢༨གོང་གར་སོང་ཆེ་མེད་དུ་བཏང་ཡོད། ཁོང་དགུང་གྲངས་༦ལ་ཕེབས་པའི་རྗེས་སུ་ད་བར་མང་ཚོགས་ནང་མཇལ་རྒྱུ་མེད་པར་གྱུར་བ་དང་། ད་ཆ་དགུང་གྲངས་༣༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ནས་ཁོང་སྐུ་ཁམས་གསལ་ཐང་ཡོད་པའི་སྨོན་འདུན་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་མི་མང་ཡོངས་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་ཞུ་དགོས་པའི་སྐུལ་མ་གནང་གི་ཡོད་པ་བྲིས་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org