ལྷོ་ཨ་མེ་རི་ཀའི་གྲོང་ཁྱེར་ཆེ་ཁག་ནང་བོད་དོན་རྒྱབ་སྐྱོར་གནང་རྒྱུ།

ལྷོ་ཨ་མི་རི་ཁའི་ཁུལ་གྱི་གྲོང་ཁྱེར་བཅུ་གཉིས་ནང་བོད་དོན་རྒྱབ་སྐྱོར་མཚོན་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ།

2011.10.27

༄༅༎ཕྱི་ཟླ་༡༡ པའི་ཚེས་ ༢ ཉིན་ ལྷོ་ཨ་མི་རི་ཁའི་ཁུལ་གྱི་གྲོང་ཁྱེར་བཅུ་གཉིས་ནང་བོད་དོན་རྒྱབ་སྐྱོར་མཚོན་ཆེད་ གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
དེ་ཡང་དབུས་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ལྷོ་ཨ་མི་རི་ཀའི་སྦེ་རེ་ཛིལ་རྒྱལ་ཁབ་ཀྱི་ཕོལོ་རི་ཡ་ནོ་པོ་ལི་སི། རི་ཨོ་ཌི་ཇ་ནེ་རོ། སའོ་པའོ་ལོ་བཅས་གྲོང་ཁྱེར་ཆེ་ཁག་གསུམ་དང། མེཀ་སི་ཀོ་སི་ཀྲི། མོ་རི་ལི་ཡ། ཁེ་རེ་ཏ་རོ། མོན་ཀྲེ་རེ་བཅས་མེཀ་སི་ཀོ་ཡུལ་གྱི་གྲོང་ཁྱེར་ཆེ་ཁག་བཞི་དང་ ཕྱོགས་མཚུངས་ཨུ་རུ་གུའེ་གྲོང་ཁྱེར་མོན་ཀྲི་ལྦི་ཌི་ཡོ་དང་ཆི་ལེ་ཡུལ་གྱི་གྲོང་ཁྱེར་སའན་ཏི་ཡ་གོ། ཀོ་ལམ་སྦི་ཡ་ཡུལ་གྱི་གྲོང་ཁྱེར་སྦོ་གོ་ཀྲ་དང་ཀོ་སི་ཀྲ་རི་ཀའི་གྲོང་ཁྱེར་སེན་ཧོ་སེ་བཅས་ལྷོ་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་ཁག་བཅུ་གཉིས་ནང་ བོད་ནང་གི་བོད་མི་ཚོའི་ཛ་དྲག་གི་གནས་སྟངས་ལ་རྒྱབ་སྐྱོར་གྱིས་གདུང་སེམས་མཉམ་བསྐྱེད་མཚོན་པའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ཡིན་འདུག གྲོང་ཁྱེར་སོ་སོའི་ནང་ལས་འགུལ་གོ་སྒྲིག་གནང་མཁན་ཚོས་རང་གི་གཉེན་མཚན་གཙོས་གྲོགས་པོ་གྲོགས་མོ།དེ་བཞིན་རང་གི་ལས་རོགས་སོགས། མདོར་ན་མང་ཚོགས་དཀྱུས་མའི་ཁྲོད་ བོད་ནང་གི་ཛ་དྲག་གནས་སྟངས་གོ་རྟོགས་དང་འབྲེལ་ལས་འགུལ་ནང་མཉམ་ཞུགས་འབྱུང་ཐབས་ཀྱི་འབད་བརྩོན་གནང་བཞིན་ཡོད་འདུག་ གཞིས་ལུས་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྙིང་སྟོབས་ལ་གདུང་སེམས་མཉམ་སྐྱེས་མཚོན་པའི་ལས་འགུལ་དེའི་སྐབས་ ས་གནས་སོ་སོའི་ལས་འགུལ་གོ་སྒྲིག་ཞུ་མཁན་ཚོས་ མང་ཚོགས་ལ་འཕྲེད་དར་དང་སྦྱར་ཡིག་ དྲིལ་བསྒྲགས་ཀྱི་ཡིག་ཆ་སོགས་བགོ་འགྲེམས་གནང་རྒྱུ་ཡིན་པ་ཙམ་མ་ཟད་ ཕྱོགས་མཚུངས་ལས་འགུལ་དེ་དག་ས་ཁུལ་སོ་སོའི་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་རྒྱང་བསྲིང་དང་བཀོད་སྤེལ་ཐུབ་ཐབས་ཀྱང་གནང་རྒྱུ་ཡིན་པར་གསུངས་འདུག།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎