ལྷ་སའི་ཉེ་འཁོར་ལ་འཛུཊ་བསྐྲུན་རྣམ་གྲངས་བཅུ་གཉིས་ཀྱི་འཆར་གཞི།


2017.03.28
བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར། བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར།
དྲ་བཤུས། /Weibo

བོད་ཀྱི་རྒྱལ་ས་ལྷ་སའི་གུང་དཀར་གནམ་ཐང་ཉེ་འཁོར་དུ་རྒྱ་ནག་གཞུང་གིས་འཛུགས་བསྐྲུན་རྒྱ་བསྐྱེད་དུ་གཏོང་རྒྱུའི་ལས་འཆར་ཡོད་འདུག
དེ་ཡང་སྤྱི་ཚེས་༢༨་ཉིན་རྒྱ་ནག་ཉིན་རེའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་དབུས་ཕྱོགས་སུ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ Konggang རྫོང་གསར་པ་ཞེས་པའི་ས་ཁུལ་དེའི་ནང་འཛུགས་བསྐྲུན་འཕེལ་རྒྱས་ཆེད། ད་ལོར་ལས་འཆར་༡༢་ཡོད་པའི་འཆར་གཞི་ཡོད་པར་ཁྱོན་བསྡོམས་རྒྱ་སྒོར་ཐེར་འབུམ་༤་འགྲོ་གྲོན་བཏང་རྒྱུ་ཡིན་པ་བརྗོད་འདུག་ཅིང་། ས་ཁུལ་དེི་ནི་ལྷ་སའི་གུང་དཀར་རྒྱལ་སྤྱིའི་གནམ་ཐང་དང་ཉེ་འགྲམ་ཐོག་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ནུབ་ཕྱོགས་ནས་སྤྱི་ལེ་༥༦ཙམ་གྱི་སར་ཆགས་ཡོད་པ་རེད། Kongang རྫོང་གསར་པ་འདི་ནི་སྤྱི་ལོ་༢༠༡༥་ལོར་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་།  དེའི་ཕུགས་ཀྱི་དམིགས་ཡུལ་ནི་ས་གནས་འདི་ལྷ་སའི་ཁྱབ་ཁོངས་ཀྱི་ཚོང་ལས་ལྟེ་གནས་ཁང་ཞིག་བཟོ་རྒྱུ་དེ་ཡིན་འདུག
ཡང་རྒྱ་ནག་ཉིན་རེའི་གསར་ཁང་གིས་གནས་ཚུལ་སྤེལ་བ་དེའི་ནང་། གོང་ཞུས་ལས་འཆར་འཛུགས་སྐྲུན་གྱི་ཁྲོད་དུ་གནམ་ཐང་རྒྱ་ཆེ་རུ་བཏང་སྟེ་༢༠༢༥་ཚུད་ཆད་འགྲུལ་པ་ས་ཡ་༩་ཙམ་གྱི་འགྲུལ་བཞུད་ལས་དོན་སྤེལ་ནུས་པ་དང་། དངོས་ཟོག་ཊོན་བརྒྱད་ཁྲི་ཙམ་དབོར་འདྲེན་ཐུབ་པ་བཟོ་རྒྱུ་མ་ཟད། གཞུང་ལམ་གསར་བཟོ་དང་བྱེ་མའི་རྨང་གཞི་བརྟན་པོ་བཟོ་རྒྱུ།  དེ་བཞིན་Quinoa ཞེས་པའི་འབྲུ་རིགས་འདེབས་ལས་དང་། བྱ་རིགས་གསོ་སྐྱོང་བྱ་ཡུལ་གྱི་འཛུགས་བསྐྲུན་ལས་འཆར་སོགས་ཡོད་པ་འཁོད་འདུག་ལ། Konggang ས་ཁུལ་གསར་པ་ཞེས་པའི་དེའི་འཛིན་སྐྱོང་ཚོགས་ཆུང་གི་འགན་འཛིན་Cui Jianyong ཡིས་བརྗོད་ན། ལས་གཞི་དེ་དག་རིམ་བཞིན་ལེགས་གྲུབ་ཀྱིས་ས་ཁུལ་དེ་ལྷ་སའི་ལྟེ་གནས་ཞིག་ཏུ་ཆགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
དབུས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དཔལ་འབྱོར་མང་པོ་འགྲོ་གྲོན་བཏང་སྟེ་འཛུགས་སྐྲུན་འཕེལ་རྒྱས་ཤུགས་ཆེན་བྱེད་བཞིན་ཡོད་ནའང་། ས་ཁག་མང་པོའི་ནང་དེང་སང་རྒྱ་མི་མང་པོ་གནས་སྤོ་བྱས་ཟིན་པའི་ཁར། འཛུགས་སྐྲུན་འཕེལ་རྒྱས་དེས་ད་དུང་གནས་སྤོ་བྱ་རྒྱུར་སྟབས་བདེ་རུ་འགྲོ་བཞིན་ཡོད་པ་མ་ཟད། གནས་སྤོ་ཟིན་མཁན་ཚོར་དཔལ་འབྱོར་དང་སྤྱི་ཚོིགས་མཐུན་རྐྱེན་གང་གི་ཆ་ནས་ས་གནས་བོད་རིགས་ཚོ་དང་བསྡུར་ན་མང་བ་རགས་བཞིན་ཡོད་སྟབས། བོད་མི་ཚོར་སོ་སོའི་ལུང་པའི་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོབ་ཐང་ཁག་ནས་ཟུར་འབུད་བྱེད་བཞིན་ཡོད་པ་བརྗོད་བཞིན་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎