ས་གནས་འདྲ་མིན་ནང་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི།


2020.02.13
རྡ་རམ་སཱ་ལར་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི་ཞུས་སྐབས། ༢༠༢༠།༢།༡༣ རྡ་རམ་སཱ་ལར་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི་ཞུས་སྐབས། ༢༠༢༠།༢།༡༣
RFA

བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་རྡ་རམ་ས་ལ་གཙོས་ས་གནས་འདྲ་མིན་ནང་བོད་རང་བཙན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་འདུག
ཕྱི་ལོ་༢༠༢༠ ལོའི་ཟླ་༠༢་པའི་ཕྱི་ཚེས་༡༣་ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་བྱས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གྲོང་ཁྱེར་འདྲ་མིན་༣༠་སྐོར་ཞིག་གི་ནང་། བོད་རང་བཙན་གྱི་ཉིན་མོ་ཞེས་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། རྒྱ་གར་རྡ་རམ་ས་ལར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་ལས་འགུལ་བ་རྣམས་ནས་བོད་ཀྱི་ཆས་གོས་གཟབ་མཆོར་སྤྲས་ཏེ་བོད་རང་བཙན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུས། སྐབས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་འཛིན་ཆོས་སྒྲོན་ལགས་ཀྱིས། རྒྱུན་དུ་རྒྱ་ནག་གཞུང་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་སྔ་རབས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བརྗོད་བཞིན་ཡོད་པར་བརྟེན། དེ་རིང་ཉིན་མོ་འདི་དང་བསྟུན་ང་ཚོས་འཛམ་གླིང་མི་དམངས་ལ་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཤིག་ཡིན་པ་གསལ་སྟོན་གནང་རྒྱུ་དང་། མི་རབས་གསར་པ་ཚོས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་རྒྱུས་ལོན་ཡོང་ཆེད་སོགས་ཀྱི་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
སྤྱིར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཕྱི་ལོ་༢༠༡༣་ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་འགོ་འཛུགས་བྱས་ཏེ་ལོ་ལྟར་སྤྱི་༢་ཚེས་༡༣་ཉིན་སྲུང་བརྩི་ཞུ་བཞིན་ཡོད་པ་དང་།  ཐེངས་འདིའི་ལས་འགུལ་ཐོག་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པའི་བརྗོད་ཚིག་འོག་བོད་ཀྱི་ན་གཞོན་༢༥་མཉམ་བཞུགས་གནང་འདུག་ཅིང་། མཉམ་ཞུགས་པ་ན་གཞོན་ལྷ་སྒྲོན་ལགས་ཀྱིས། ཁོང་མོ་ད་རེས་ལས་འགུལ་འདིའི་ནང་མཉམ་ཞུགས་བྱེད་དགོས་པའི་རྒྱུ་མཚན་ནི་བོད་ཀྱི་རྩ་དོན་ཆེད་དུ་གཞོན་སྐྱེས་ཚོར་འགན་འཁྲི་ཆེན་པོ་ཡོད་པ་བརྡ་ལན་སྤྲོད་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་བསོད་ནམས་ཚེ་རིང་ལགས་ཀྱིས། དེ་རིང་གི་ཉིན་མོ་འདི་ནི་འཛམ་གླིང་མི་དམངས་ལ་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཤིག་ཡིན་པ་བདེན་དཔང་ར་སྤྲོད་བྱེད་རྒྱུའི་ཉིན་མོ་ཞིག་ཆགས་ཡོད་པ་དང་། མ་འོངས་པར་ཡང་བོད་རྒྱལ་ཁབ་དེ་དེ་ལྟར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིའི་ལས་འགུལ་དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཆོལ་གསུམ་དཔའ་བོའི་རྡོ་རིང་མདུན་ནས་འགོ་བཙུགས་ཀྱིས་རྡ་ས་མེགྷ་ལོར་གསུམ་མདོ་ལ་མཇུག་སྒྲིལ་གནང་ཞིང་། དེ་ནས་ཉིན་འདིའི་ཕྱི་དྲོ་ཕྱག་ཚོད་༦་པར་གཏམ་བཤད་ལས་རིམ་གྱི་ལམ་ནས་ཕྱི་ལོ་༡༩༡༤་ལོར་བཞག་པའི་སིམ་ལ་ཆིངས་ཡིག་གི་འབྱུང་རྐྱེན་ངོ་སྤྲོད་དང་གྲོས་བསྡུར་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎