བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ལས་འགུལ།

ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པར་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་འདུག

2011.12.07

༄༅༎ཉི་ཧོང་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཉམ་རུབ་ཐོག་ནས་ ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པར་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག།
ཉེ་དུས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བའི་དུས་ཚོད་དང་སྟབས་བསྟུན། ཉི་ཧོང་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ ཉི་ཧོང་གི་གཞུང་འབྲེལ་དཔོན་རིགས་དང་གྲོས་ཚོགས་འཐུས་མི་རྣམ་པ་ཚོར། ཉི་ཧོང་གཞུང་ནས་རྒྱ་ནག་ཐོག་ཕྱི་འབྲེལ་གཞུང་ཚབ་བརྒྱུད་གནོན་ཤུགས་སྤྲོད་དགོས་རྒྱུའི་སྐུལ་ལྕག་གནང་རོགས་ཞེས་འབོད་སྐུ་ཞུས་གནང་བཞག།
ཁ་ས་ཕྱི་ཚེས་༦ཉིན་ཉི་ཧོང་བོད་རིགས་ཚོགས་པ་དང་ཉི་ཧོང་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཐུས་མི་ལྔས་ ཉི་ཧོང་གྲོས་ཚོགས་འཐུས་མི་རྣམ་པའི་ལས་ཁུངས་ཁག་༡༣ལ་ཞུ་སྐུལ་གནང་བར་བཅར་ཡོད་པ་དང༌། གྲོས་ཚོགས་འཐུས་མི་དྲུག་དང་དངོས་སུ་མཇལ་འཕྲད་ཞུ་ཐུབ་པ་བྱུང་བཞག། ལས་འགུལ་སྤེལ་གནང་མཁན་ཚོས་གྲོས་ཚོགས་འཐུས་མི་ཚོར་ བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་འགྲེལ་བཤད་དང་འབྲེལ། ད་ལོ་ཕྱི་ཟླ་༣པ་ནས་བཟུང་བོད་ཤར་ཕྱོགས་མདོ་སྟོད་སྨད་གཉིས་ནང་ད་བར་བོད་མི་ན་གཞོན་༡༢ཙམ་གྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནངབའི་གནས་ཚུལ་ངོ་སྤྲོད་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་གནས་སྟངས་གསལ་པོ་མཁྱེན་རྟོགས་ཡོང་སླད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎