ཨ་རིའི་གཞུང་འཛིན་གསར་བས་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུའི་འབོད་སྐུལ།

2021.01.14
ཨ་རིའི་གཞུང་འཛིན་གསར་བས་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུའི་འབོད་སྐུལ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་(Gary L. Bauer)ལགས ༠༡།༡།༤།༢༡
RFA

ཨ་རིའི་གཞུང་འཛིན་གསར་བས་རྒྱ་ནག་གི་ཐོག་མུ་མཐུད་དུ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་བ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་འབོད་སྐུལ་བྱེད་ཀྱི་འདུག
ཨ་རིའི་གཞུང་འཛིན་འཕོ་འགྱུར་འགྲོ་གྲབས་ཡོད་པའི་སྐབས་འདིར་འདི་ཚེས་༡༤་ཉིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་(Gary L. Bauer)ལགས་སུ་དམིགས་བསལ་བྱས་སྐབས། ཁོང་གིས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ངོས་ནས་རིང་མིན་འགན་འཁུར་བཞེས་གྲབ་ཡོད་པའི་བདམས་ཐོན་སྲིད་འཛིན་ཇོའོ་སྦཡེཌན་གཞུང་འཛིན་གྱི་ངོས་ནས། རྒྱ་ནག་ཐོག་ལ་དོ་ནན་ཙམ་བྱེད་དགོས་པ་དང་། བོད་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་ཐོག་མུ་མཐུད་དུ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ཁོང་གིས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ངོས་ནས། ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་གྲབ་ཡོད་པའི་བདམས་ཐོན་སྲིད་འཛིན་ཇོའོ་སྦཡེཌ་སྲིད་གཞུང་ལ་འབོད་སྐུལ་ཞུ་རྒྱུར། ད་ལྟའི་(Trump)གཞུང་འཛིན་ལས་ལྷག་པ་མ་བྱུང་ནའང་རྒྱ་ནག་ཐོག་ལ་ཤུགས་དྲག་གི་ལངས་ཕྱོགས་ཤིག་འཛིན་པའི་རེ་འདུན་འདོན་རྒྱུ་ཡིན་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་དཔོན་རིགས་དང་། དམར་ཤོག་ཚོགས་པའི་ཐོག་ལ་ཉེས་ཆད་འགེལ་ཤུགས་ཆེ་རུ་གཏོང་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད་ཅེས་གསུངས་ཡོད།
ད་དུང་ཁོང་གིས་བོད་ནང་གི་བོད་མི་ཚོར་དམིགས་ནས་གསུང་རྒྱུར། ངའི་སེམས་ནང་ཡིད་ཆེས་ཤུགས་ཆེ་ཡོད་པ་གཅིག་ནི། བོད་མི་ཚོར་ཉིན་གཅིག་རང་དབང་ཐོབ་ངེས་ཡིན། ལོ་རྒྱུས་ནི་རྡོ་ལ་བརྐོས་པ་ལྟར་མིན་པས་འཐབ་རྩོད་ཀྱི་བརྒྱུད་རིམ་འདིའི་ནང་བློ་སྤོབས་ལྡན་ཞིང་སྙིང་སྟོབས་ལྡན་པ་ཞིག་དགོས་པ་འདི་གལ་ཆེན་པོ་རེད། དུས་ཚོད་སྔ་ཕྱི་མ་གཏོགས་བཙོན་ཁང་གི་སྒོ་ཡོངས་རྫོགས་ཕྱེ་རྒྱུ་ཡིན་པ་དང་། ཉིན་གཅིག་མགྱོགས་མྱུར་བོད་དང་རྒྱ་ནག་འདི་ཉིད་རང་དབང་ལྡན་པ་ཞིག་ཡོང་རྒྱུ་ངེས་པ་ཡིན་པས། ཁྱེད་ཚོ་ཁེར་རྐྱང་མིན། ང་ཚོ་མཉམ་དུ་ཡོད་ཞུ་འདོད་བྱུང་ཅེས་གསུང་བྱུང་།
ཨ་རིའི་སྲིད་འཛིན་(Trump)སྲིད་གཞུང་གི་ངོས་ནས་༢༠༡༨ལོར་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དང་། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་༢༠༢༠གཏན་འབེབས་གནང་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐད་རྒྱ་ནག་གིས་ཐེ་བྱུས་བྱེད་མི་ཆོག་པ་དང་། དེ་ལྟར་བྱས་ན་ཨ་རིའི་གཞུང་གིས་འགོག་རྒོལ་དང་ཉེས་ཆད་འགེལ་རྒྱུ་ཡིན་པ་ཁྲིམས་སུ་གཏན་འབེབས་གནང་ཡོད་པ་རེད། ཁྲིམས་ཡིག་གསར་པ་དེའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ཡུལ་རྒྱ་གར་རྡ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་ཡོད་པའི་སྒྲིག་འཛུགས་འདི་བཙན་བྱོལ་ནང་གི་བོད་མིའི་སྐུ་ཚབ་དངོས་ཡིན་པར་ངོས་འཛིན་གནང་ཡོད་པ་སོགས། མདོ་དོན་རྒྱ་ནག་གིས་བོད་ནང་དྲག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་དང་། རྒྱ་ནག་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་གནས་ཚུལ་ལ་ཨ་མི་རི་ཀའི་ངོས་ནས་གདོང་ལེན་ནན་པོ་བྱས་ཡོད་པ་རེད།
འདི་ཚེས་༢༠ཉིན་ཨ་རིའི་གཞུང་འཛིན་འཕོ་འགྱུར་འགྲོ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎