ཉི་ཧོང་ནང་བོད་ཀྱི་དུས་སྟོན།


2013.05.14
ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་དམིགས་བསལ་གུང་སེང་སྐབས་དང་བསྟུན་ནས་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་བ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎ཉི་ཧོང་ནང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ཟླ་ལྔ་པའི་ཚེས་༡ ནས་ཚེས་༦ བར་ཉི་ཧོང་ནང་དམིགས་བསལ་དགུང་སེང་འཁེལ་བའི་དུས་ཚོད་དང་སྟབས་བསྟུན་ནས་ཉི་ཧོང་གི་རྒྱལ་ས་Tokyo ནང་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་འདུག
ལོ་ལྟར་དུས་ཚོད་དེའི་སྐབས་གཟའ་འཁོར་གཅིག་ཙམ་རིང་ཉི་ཧོང་ནང་དམིགས་བསལ་གུང་སེང་འཁེལ་གྱི་ཡོད་པ་ལྟར། འདི་ལོའི་གུང་སེང་སྐབས་བོད་ཀྱི་དུས་སྟོན་གོ་སྒྲིག་ཞུས་པའི་རིང་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁ་ཟས་དང། གྱོན་ཆས། བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་བོད་ཀྱི་སྒྱུ་རྩལ་བཟོ་བཀོད་འདྲ་མིན་འགྲེམས་སྟོན་ཞུས་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆགས་པའི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དགེ་འདུན་པས་གར་འཆམ་འཁྲབ་སྟོན་གནང་བ་དང།་ ད་དུང་བོད་ཀྱི་དཔེ་དེབ་འདྲ་མིན་སོགས་འགྲེམ་སྟོན་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎