ཝར་ཇི་ནི་ཡར་ནང་པའི་དུས་སྟོན།
2013.06.23
༄༅༎ཕྱི་ཟླ་༦ཚེས་༢༢ཉིན་ཨ་རིའི་རྒྱལ་སའི་ཁུལ་འདི་ལོའི་ནང་པའི་དུས་སྟོན་(BudhaFest)ཞེས་པའི་ཐོག་ས་གནས་བོད་རིགས་ཚོ་མཉམ་ཞུགས་ཀྱིས་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་ཞུས་གནང་འདུག
ཕྱིརེས་གཟའ་སྤེན་པའི་ཉིན་རྒྱབ་ཀྱི་བོད་ཀྱི་དུས་སྟོན་དེར་བོད་ལུགས་ནང་པའི་མཆོད་གཤོམ་དང་ བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས། འབྲོག་པའི་འཚོ་འཐབ་། བོད་ཀྱི་རོལ་དབྱངས་། བོད་ཀྱི་གསོ་རིག་བཅས་འགྲེམས་སྟོན་དང་སྦྲགས་ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་རེས་གཟའ་ཉི་མའི་བོད་ཡིག་སློབ་གྲྭའི་སློབ་ཕྲུབ་ཚོས་ཆོལ་ཁ་གསུམ་གྱི་གྱོན་ཆས་འགྲེམས་སྟོན་ཞུས་གནང་འདུག། ས་གནས་ཀྱི་རོལ་དབྱངས་ཡོངས་གྲགས་ཅན་ཀརྨ་རྒྱལ་མཚན་ལགས་ཀྱིས་སྣེ་ཁྲིད་ཀྱིས་བོད་ཀྱི་ཐོུང་མི་ཡིན་པའི་རོལ་དབྱངས་དང་།གཞས་དང་ཞབས་བྲོ་གཟིགས་འབུལ་གྱ་ནོམ་པ་ཞིག་གནང་འདུག། དུས་སྟོན་གྱི་ཁྲོམ་རའི་ནང་ས་གནས་ཀྱི་བོད་རིགས་ཚོང་པ་ཁག་ཅིག་གིས་བོད་དང་ཧི་མ་ལ་ཡའི་དངོས་རིགས་འགྲེམས་ཚོང་ཡང་གོ་སྒྲིག་ཞུས་གནང་འདུག། འདུ་འཛོམས་དེར་ཉིན་བཞིའི་རིང་གི་ནང་པའི་དུས་སྟོན་ལ་བཅར་མཁན་ཕྱི་རྒྱལ་གཙོ་བོར་བྱས་པའི་ཕྱི་ནང་མི་སྣ་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་གནང་འདུག།