རྒྱ་དཀར་ནག་བར་གྱི་འབྲེལ་བ་དང་བོད་ཀྱི་གནད་འགག

རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བ་དང༌བོད་དེ་བཞིན་གནད་འགག་ཆེ་ལོས་ཇི་ཙམ་ཡིན་མིན་གྱི་བརྗོད་གཞི་ཐོག་གཏམ་བཤད་གནང་འདུག

2011.12.21

༄༅༎ལོན་ཌོན་ནང་གི་ལྦེསི་མིནསི་ཀྲར་(Westminster)གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གི་སློབ་དཔོན་གཞོན་པ་ཌིབ་ཡེཤ་ཨ་ནན་(Dr. Dibyesh Anand)ཡིས་བཞུགས་སྒར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་པ་ཁག་ཅིག་ལ་ རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བ་དང༌། བོད་དེ་བཞིན་གནད་འགག་ཆེ་ལོས་ཇི་ཙམ་ཡིན་མིན་གྱི་བརྗོད་གཞི་ཐོག་གཏམ་བཤད་གནང་འདུག། ཉེ་དུས་གསར་འཛུགས་གནང་བའི་བོད་ཀྱི་ཆབ་སྲིད་ཉམས་ཞིབ་ཁང་དང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཟུང་འབྲེལ་གྱི་ཐོག་ནས་གོང་ཞུས་གཏམ་བཤད་ཚོགས་འཛོམས་དེ་གོ་སྒྲིག་གནང་ཡོད་པ་དང༌། གཏམ་བཤད་གནང་མཁན་ཌིབ་ཡེཤ་ཨ་ནན་ཡིས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་དེ་རྙོག་འཛིང་ཚ་པོ་ཞིག་ཡོད་པ་དང༌། འབྲེལ་ལམ་གྱི་ཆ་རྐྱེན་མང་པོ་ཞིག་ཡོད་པའི་ནང་ནས་བོད་ཀྱི་གནད་དོན་དེ་གནད་འགག་ཅིག་ཆགས་ཀྱི་ཡོད་སྐོར་གསུངས་བཞག། ཡང་བཙན་བྱོལ་དུ་གནས་འཁོད་བོད་མི་ཚོའི་སྐོར་ཌིབ་ཡེཤ་ཨ་ནན་ཡིས་འགྲེལ་བརྗོད་གནང་སྐབས་། བོད་མི་སྐྱབས་བཅོལ་བ་ཚོས་ད་ཕན་རྒྱ་གར་གྱིས་བོད་མི་ཚོར་མགོན་སྐྱབས་རོགས་རམ་དེ་ཙམ་གནང་བར་བཀྲིན་བསམ་བཞེས་ཆེན་པོ་ཞུ་གི་ཡོད་ནའང༌། དེ་དང་ཆབས་ཅིག་བོད་མི་ཚོས་ཀྱང་ཧི་མ་ལ་ཡའི་མངའ་ཁུལ་ཡོངས་ལ་ནང་པ་སངས་རྒྱས་པའི་ཆོས་ཉམ་པ་སླར་གསོ་གནང་ནས་རྒྱ་གར་རྒྱལ་ཁབ་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པར་ངོས་འཛིན་གནང་འདུག། དེ་དང་ཕྱོགས་མཚུངས་ཌིབ་ཡེཤ་ཡིས་ ཕྱི་རྒྱལ་ཡུལ་ཁག་ནང་བོད་མི་ཚོས་གནས་ཡུལ་་རྒྱལ་ཁབ་ཀྱི་མི་སེར་ཐོབ་ཐང་ལེན་ཕྱོགས་སྐོར་བཀའ་མོལ་གནང་སྐབས། ཕྱིའི་རྒྱལ་ཁབ་ཀྱི་ཕྱིར་བསྐྱོད་ངོ་སྤྲོད་ལག་འཁྱེར་ལེན་པ་ཙམ་དང་རྒྱལ་ཁབ་གཞན་གྱི་མི་སེར་ཐོབ་ཐང་ལེན་པ་ཙམ་གྱིས་ རང་ཉིད་བོད་པ་ཡིན་པའི་སེམས་ཤུགས་ཆུང་དུ་འགྲོ་རྒྱུའི་ཁྱབ་པ་མེད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎