དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་ཚོགས་སྡེ་ཁག་གི་མཉམ་འབྲེལ་ཚོགས་འདུ་སུད་ཝེ་ཌན་དུ་ཚོགས་འདུག

2023.06.27
དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་ཚོགས་སྡེ་ཁག་གི་མཉམ་འབྲེལ་ཚོགས་འདུ་སུད་ཝེ་ཌན་དུ་ཚོགས་འདུག དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་ཚོགས་སྡེ་ཁག་གི་མཉམ་འབྲེལ་ཚོགས་འདུ་སུད་ཝེ་ཌན་དུ་ཚོགས་སྐབས། ༠༦།༢༦།༢༠༢༣
CTA

དེ་ཡང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། སུད་ཝེ་ཌན་(Sweden)་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཕྱི་ཚེས་༢༥ཉིན་ནས་ཉིན་གྲངས་གསུམ་རིང་སུད་ཝེ་ཌན་(Sweden)་རྒྱལ་ཁབ་ཏུ། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་ཡོ་རོབ་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བོད་མིའི་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་ལས་སྣེ་རྣམས་ལ། བོད་དོན་སྤྱིའི་ལས་དོན་སྤེལ་ཕྱོགས་དང་། ཕན་ཚུན་བར་འབྲེལ་ལམ་མཉམ་ལས་གནང་ཕྱོགས་སོགས་མཉམ་འབྲེལ་ཚོགས་འདུ་ཚོགས་འདུག
ཚོགས་འདུའི་སྐབས་ཡོ་རོབ་ཁུལ་གྱི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བཞི་ནས་གཞུང་འབྲེལ་ལས་དོན་སྐོར་ངོ་སྤྲོད་གནང་བ་དང་། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་སྤེལ་བར་ས་གནས་སོ་སོའི་གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གལ་གནད་ཇི་ཆགས་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་ཕྱོགས། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་སླད་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཞུ་གཏུག་གནང་གལ་ཆེ་བའི་སྐོར་སྐུལ་མ་གནང་ཡོད་པ་རེད། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། རྒྱལ་ཁབ་སོ་སོའི་ནང་གི་གཞུང་ལ་གནོན་ཤུགས་སྤྲོད་མཁན་གྱི་ཚོགས་པ་ཁག་དང་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་ལམ་དང་བོད་དོན་ཞུ་གཏུག་སླད་ས་གནས་སོ་སོའི་གྲོས་ཚོགས་འཐུས་མི་དང་འབྲེལ་བ་གནང་རྒྱུའི་གལ་གནད་སྐོར་གསུངས་བཤད་གནང་འདུག ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འཛམ་གླིང་ལ་བོད་དོན་ཀྱི་གལ་གནད་སྐོར་དང་། ཡོ་རོབ་ནང་ཁུལ་དུ་བོད་དོན་ཞུ་གཏུག་གནང་ཕྱོགས་ལ་ཐབས་བྱུས་གཅིག་གྱུར་མེད་པའི་དཀའ་ངལ་ཡོད་སྐོར་སོགས་ཀྱི་ཐད་བཀའ་མོལ་གནང་ཡོད་པ་རེད།

Meeting on Strengthening་ london (1).jpg
དེ་བཞིན་ཉིན་གསུམ་རིང་ཚོགས་བཅར་བ་རྣམས་ཀྱིས་ས་གནས་སོ་སོའི་གནས་སྟངས་དང་། མ་འོངས་མངོན་འདོད། གོ་སྐབས་དམ་འཛིན་གྱིས་བོད་དོན་ལས་འགུལ་སྤེལ་ཕྱོགས། ཚོགས་པའི་དཀའ་ངལ་དང་གདོང་ལེན་སོགས་ཀྱི་ཐད་དགོངས་ཚུལ་སྤེལ་རེས་དང་བགྲོ་གླེང་གནང་བ་མ་ཟད། ཚོགས་པ་ཕན་ཚུན་མཉམ་འབྲེལ་གྱིས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་ཐད་ཀྱང་གྲོས་མོལ་གནང་ཡོད་ཅིང་། ད་རེས་ཀྱི་ཚོགས་འདུའི་ཐོག་ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་ཁག་བརྒྱད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བརྒྱད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བཞི། སུད་ཝེ་ཌན་དུ་གནས་སྡོད་བོད་རིགས་གཞོན་སྐྱེས་ལྔ་བཅས་ཁྱོན་ཚོགས་བཅར་བ་༢༨མཉམ་ཞུགས་གནང་ཡོད་པ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎