བོད་ནང་གི་དཔལ་འབྱོར་བརྒྱ་ཆ་བཅུའི་ཡར་རྒྱས་ཕྱིན་ཡོད་ལུགས།
2009.01.01
༄༅༎རྒྱ་ནག་གི་དབང་འཛིན་བྱེད་བཞིན་པའི་བོད་ཀྱི་ས་ཁུལ་ནང་གི་དཔལ་འབྱོར་གྱི་གནས་སྟངས་དེ་བརྒྱ་ཆ་བཅུའི་ཡར་རྒྱས་ཕྱིན་ཡོད་པའི་གནས་ཚུལ་ཞིག་བཏོན་འདུག
དེ་ཡང་རོའུ་ཀྲར་གསར་སྤེལ་ཁང་གིས་རྒྱ་ནག་གི་དཔལ་འབྱོར་འཆར་འགོད་ཀྱི་ཡིག་ཆའི་ནང་དོན་ལྟར་པེ་ཅིང་ནས་གནས་ཚུལ་སྤེལ་དོན་ལྟར་བྱས་པ་ཡིན་ན་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གྱི་དཔལ་འབྱོར་གྱི་གནས་སྟངས་དེ་ཕྱི་ལོ་༢༠༠༨ཀྱི་འགོ་སྟོད་དུ་བོད་མིའི་ཞི་བའི་ངོ་རྒོལ་གྱི་ཤུགས་རྐྱེན་འོག་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་དང་དེ་མིན་གཞན་དཔལ་འབྱོར་གྱི་ལས་དོན་ཤུགས་རྐྱེན་བྱུང་ཡོད་ཀྱང་དེ་རྗེས་རིམ་པས་དཔལ་འབྱོར་གྱི་ལས་དོན་ཐོག་ཉམས་གསོ་བྱུང་ཡོད་པའི་གནས་ཚུལ་དྲིལ་བསྒྲགས་བྱས་འདུག འོན་ཀྱང་བོད་ནང་ནས་གནས་ཚུལ་འབྱོར་དོན་ལྟར་བྱས་པ་ཡིན་ན་བོད་རང་སྐྱོང་ལྗོངས་དང་དེ་བཞིན་བོད་མིའི་གནས་ཡུལ་ས་ཁུལ་གཞན་གྱི་ནང་དུ་རྒྱ་ནག་གི་དྲག་པོའི་དམག་གི་དྲག་བསྒྲགས་ཤུགས་ཆེ་སྤེལ་བའི་རྐྱེན་གྱིས་ཡུལ་བསྐོར་སྤྲོ་འཆམ་པ་ཆེས་ཉུང་དུ་ཕྱིན་ཡོད་པའི་མཐོང་ཚུལ་བྱུང་ཡོད་པ་དང་དམིགས་བསལ་ཕྱི་རྒྱལ་གྱི་གསར་འགོད་པ་རེ་ཟུང་དང་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་རེ་ཟུང་ཕེབས་ཐུན་པ་རྣམས་ཀྱིས་ཀྱང་བོད་ཀྱི་རྒྱལ་ས་ལྷ་ས་ནི་རྒྱ་ནག་གི་དྲག་པོའི་དམག་གི་བཟང་བཙོན་ཆེན་པོའི་ཁོར་ཡུག་གི་ཚོར་བ་ཡོང་གི་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་མཁན་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག