ཐའེ་ལྦན་དུ་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ།
ཐའེ་ལྦན་ནང་དུ་ཡོད་པའི་བོད་རིགས་ཚོགས་པ་དང༌བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་འོག་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་བ།
-
2012-01-24 -
-
-
༄༅༎རྒྱ་མིའི་དཔྱིད་ལོའི་ལོ་གསར་ཚེས་གཅིག་ཉིན་ཐའེ་ལྦན་ནང་དུ་ཡོད་པའི་བོད་རིགས་ཚོགས་པ་དང༌། བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་འོག་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ཕྱི་ཟླ་དང་པོའི་ཚེས་༢༣ རེས་གཟའ་ཟླ་བའི་ཉིན་ཐའེ་ལྦན་ནང་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་སོགས་བོད་མི་ཁག་ཅིག་གིས་སྦག་སྦག་བཏང་སྟེ་ཐའེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་སོགས་མི་ཚོགས་ཆེ་སར་བོད་དོན་གོ་རྟོགས་སྤེལ་ཡོད་ཅིང༌། དེ་ཡང་དེ་ཉིན་སྔ་དྲོའི་ཚོུད་༡༠ པའི་ཐོག་ཐའེ་ལྦན་རང་དབང་ཐང་ཆེན་ནས་འགོ་བཙུགས་པའི་སྐབས། ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན་ནས་ལས་འགུལ་དེ་སྤེལ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་གསར་འགོད་པར་ཚོར་ངོ་སྤྲོད་གནང་བའི་ནང༌། རྒྱ་མིའི་ལོ་གསར་ལ་བོད་མི་རྣམས་ལོ་གསར་གཏོང་ཐབས་མེད་པ་དང༌། དེ་ནི་བོད་ནང་གི་གནས་སྟངས་ཛ་དྲག་གི་དུས་སྐབས་ཡིན་ཞིང༌། ལྷག་པར་དུ་༢༠༠༩ ནས་བཟུང་ད་བར་བོད་མི་བཅུ་བདུན་གྱིས་བོད་དོན་ཆེད་དུ་རང་སྲོག་བློས་བཏང་གནང་བ་མ་ཟད། ཕྱི་ལོ་༢༠༡༢ ལོ་གསར་པའི་ཕྱི་ཟླ་དང་པོ་ཁོ་ནའི་ནང་བོད་མི་བཞི་ཡིས་རང་སྲོག་བློས་བཏང་གནང་བའི་སྙིང་སྟོབས་ལ་རྗེས་དྲན་དང༌། ཁོང་རྣམ་པའི་མངོན་འདོད་འཛམ་གླིང་མི་དམངས་ལ་ངོ་སྤྲོད་བྱ་རྒྱུའི་ཆེད་དུ་ལས་འགུལ་དེ་གོ་སྒྲིག་ཞུས་པའི་སྐོར་གསུང་ཡོད་པ་རེད།