ཨ་རིའི་སློབ་ཆེན་ཞིག་གི་ཨེ་ཤེ་ཡའི་རིག་གཞུང་དུས་སྟོན་ཐོག་བོད་མི་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་དང་འཁྲབ་སྟོན་གནང་འདུག

2024.05.06
ཨ་རིའི་སློབ་ཆེན་ཞིག་གི་ཨེ་ཤེ་ཡའི་རིག་གཞུང་དུས་སྟོན་ཐོག་བོད་མི་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་དང་འཁྲབ་སྟོན་གནང་འདུག ཨ་རིའི་སློབ་ཆེན་ཞིག་གི་ཨེ་ཤེ་ཡའི་རིག་གཞུང་དུས་སྟོན་ཐོག་བོད་མི་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་དང་འཁྲབ་སྟོན་གནང་སྐབས། ༠༥།༠༥།༢༠༢༤
དཔལ་ལྡན་རྒྱལ། /RFA

ཕྱི་ཟླ་༥པའི་ཚེས་༥ཉིན་ཨ་རིའི་ཝིར་ཇི་ནི་ཡ་མངའ་སྡེའི་(George Mason)་གཙུག་ལག་སློབ་ཆེན་མོས་གོ་སྒྲིག་གིས་སྒྱུ་རྩལ་ལྟེ་གནས་ཁང་གི་ཚོགས་ཁང་དུ། ཨེ་ཤེ་ཡའི་རྒྱལ་ཁབ་༡༣ཙམ་ལྷན་འཛོམས་ཀྱིས་ཨེ་ཤེ་ཡའི་རིག་གཞུང་འདྲ་མིན་གྱི་དུས་སྟོན་ཞིག་འཚོགས་པ་རེད། སྐབས་དེར་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་མ་༥༠་ཙམ་མཉམ་ཞུགས་ཀྱིས་བོད་ཀྱི་སྐོར་ཁྲོམ་སྟོན་དང་། ཆོལ་གསུམ་བོད་ཀྱི་གཞས་སྣ་འཁྲབ་སྟོན། བོད་དོན་གཏམ་བཤད་སྤེལ་བ་སོགས་གནང་ནས་མི་འཛོམས་ཆེ་བའི་དུས་སྟོན་དེའི་ཐོག་ཆ་ཤས་བླངས་འདུག
སྤྱིར་སྟངས་(George Mason)་སློབ་ཆེན་ནང་ཨེ་ཤེ་ཡའི་རིག་གཞུང་ལོ་འཁོར་དུས་སྟོན་དེ་འགོ་ཚུགས་ནས་མི་ལོ་༡༥ཙམ་འགྲོ་བཞིན་ཡོད་པ་དང་། སྔ་ལོ་ནས་བཟུང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་། བོད་རིགས་སྤྱི་མཐུན་ཚོགས་པ། གཟའ་མཇུག་སློབ་གྲྭའི་སློབ་མ་སོགས་བོད་ཀྱི་སྐུ་ཚབ་བྱས་ནས་མཉམ་ཞུགས་གནང་བ་ད་རེས་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། འདི་ལོ་སྐུ་ཚབ་དོན་གཅོད་ཁང་གིས་ལམ་སྟོན་འོག་གཟའ་འཇུག་བོད་ཡིག་སློབ་གྲྭའི་རྐང་འགན་བཞེས་ནས་སློབ་ཕྲུག་༥༠ལྷག་མཉམ་ཞུགས་གནང་འདུག
སློབ་ཕྲུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ཉི་ཟླ་རྒྱལ་ལགས་ཀྱིས་བོད་པའི་སྐུ་ཚབ་བྱས་ནས་གཏམ་བཤད་སྤེལ་སྐབས་སུ། གཟའ་མཇུག་བོད་ཡིག་སློབ་གྲྭ་ངོ་སྤྲོད་དང་། བོད་ནང་གི་གནས་སྟངས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར་བོད་མི་ཚོས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་ལ་གཞི་བཅོལ་བའི་རིག་གཞུང་གཅེས་འཛིན་བྱེད་ཕྱོགས་སྐོར། བཙན་བྱོལ་ནང་གི་མི་རབས་གཞོན་པ་ཚོའི་ཕྲག་སྟེང་གི་འགན་འཁྲི་དེ་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན་སྐོར་སོགས་གཏམ་བཤད་གནང་འདུག

Asian Cultural exhibition at George Mason  (4).jpg
ཚོགས་ཁང་དེའི་བར་འཁྱམ་གྱི་བོད་པའི་ཁྲོམ་སྟོན་ཅོག་ཙེ་ཐོག་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་དང་། གཞན་ཡང་བོད་པའི་ཅ་དངོས་ངོ་སྤྲོད་དང་ཡང་ལྟད་མོ་བལྟ་བར་ཡོང་མཁན་ཚོར་བོད་ཟས་མོག་མོག་དང་། གྲོ་མ་འབྲས་སིལ་སོགས་ཀྱི་བྲོ་བ་མྱོང་བཅུག་པ་སོགས། བོད་ཀྱི་སྐོར་ཤེས་འདོད་མཁན་མང་པོ་ཡོང་བར་རིག་གཞུང་གི་ལམ་ནས་བོད་དོན་ཁྱབ་བསྒྲགས་གནང་འདུག
ད་རེས་ཨེ་ཤེ་ཡའི་རིག་གཞུང་དུས་སྟོན་ནང་ཤྲི་ལིང་ཀ་དང་། ཐེ་ཝན། རྒྱ་ནག ཉི་ཧོང་། བལ་ཡུལ། མཡན་མར་སོགས་ཀྱི་སྐུ་ཚབ་མཉམ་ཞུགས་ཀྱིས་རིག་གཞུང་སྣ་མང་འཁྲབ་སྟོན་དང་གཏམ་བཤད་སྤེལ་བ་ཡོད་པ་དང་། བོད་མི་ཚོས་རྒྱལ་ཁབ་གཞན་དང་གཅིག་མཚུངས་ཀྱིས་རིག་གཞུང་འཁྲབ་སྟོན་དང་གཏམ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་བར་དེར་དངོས་སུ་བཅར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོར་དགའ་ཚོར་བྱུང་བ་གསུངས་བྱུང་།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎