བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་ཟེར་བའི་ཚོགས་མི་བརྗེ་ལེན་བྱས་སྐོར།
རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་ཟེར་བ་དེའི་ཚོགས་མི་བརྗེ་ལེན་བྱས་ནས་ཉེན་རྟོག་པའི་མི་སྣ་ཚོགས་ཆུང་དེར་བཅུག་པ་ཐོག་མ་དེ་རེད་
-
2008-05-27 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་ཟེར་བ་དེའི་ཚོགས་མི་བརྗེ་ལེན་བྱས་ནས་ཝུའུ་ཁྲུའང་ཊེན་ཁ་སྣོན་བྱས་པ་དེ་ཉེན་རྟོག་པའི་མི་སྣ་ཚོགས་ཆུང་དེར་བཅུག་པ་ཐོག་མ་དེ་རེད་ཅེས་གནས་ཚུལ་སྤེལ་བཞག
ཕྱི་ཚེས་ ༢༦ ཉིན་མོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཆ་འཕྲིན་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་གཞུང་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་། ཟེར་བའི་མི་སྣ་བརྗེ་ལེན་བྱས་ཡོད་ཅིང༌། དེ་སྔའི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ ཅཱ་ཆིང་ལིང་གིས་གཙོས་པའི་མི་སྣ་བརྒྱད་ལས་གྲུབ་པའི་ཚོགས་ཆུང་དེའི་ནང་ནས་བཞི་ཕྱིར་འཐེན་བྱས་ཏེ་ལྔ་གསར་དུ་བཅུག་ཡོད་པ་རེད། དམངས་གཙོའི་ཆ་འཕྲིན་ལྟེ་གནས་ཁང་དེས་པེ་ཅིང་གི་གནས་ཚུལ་བྱུང་ཁུངས་ཀྱི་སྐད་ཆ་ལུང་འདྲེན་གནང་ཡས་ལ། དེ་སྔའི་མི་སྣ་བརྒྱད་ཡོད་པའི་ཀྲུང་དབྱངས་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་མི་སྣ་ ཅཱ་ཆིང་ལིང་དང་ ཀྲོའུ་ཡུང་ཁང༌། ཧྭ་ཅན་མེ། ལིའུ་ཡན་ཏུང། ཀྲང་ཆིང་ལི། མ་ཁའེ། ཅིང་རེན་ཆིང༌། དབྱི་ཞའོ་ཝེན་ བཅས་ཡོད་པའི་ནང་ནས་ ཅཱ་ཆིང་ལིང་དང་ ཀྲོའུ་ཡུང་ཁང༌། ཧྭ་ཅན་མེ་། ཅིང་རེན་ཆིང༌། བཅས་མི་བཞི་ཕྱིར་འཐེན་བྱས་ཏེ། མེང་ཅན་ཀྲུའུ་དང་ ཏུའུ་ཆིང་ལིང༌། ཞེ་ཞུས་རེན། ཀྲང་ཕིང་། ཝུའུ་ཧྲོང་ཀྲེན་ བཅས་མི་སྣ་༥གསར་དུ་བཀོད་ཡོད་པ་རེད། གནས་ཚུལ་བཀོད་པའི་ནང་གཞིགས་ན། མེང་ཅན་ཀྲུའུ་ནི་དེ་སྔའི་སྤྱི་བདེ་པུའུའི་པུའུ་ཀྲང་ཀྲུའུ་ཡུང་ཁང་གི་ཚབ་ཏུ་བཀོད་སྒྲིག་བྱས་ཡོད་པ་དང་དེ་སྔའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིའུ་ཡན་ཏུང་གི་ཚབ་ལ་ཏུའུ་ཆིང་མིང་ཚབ་ཏུ་བཀོད་པ། ཞེ་ཞུས་རེན ནི་ནོར་སྲིད་པུའུ་ཀྲང་ཅིང་རེན་ཆིང་གི་ཚབ་ཏུ་བཀོད་ཡོད་པ་རེད། གཞན་ཡང་དེ་སྔའི་རྒྱལ་ཁབ་བཅོས་བསྒྱུར་འཕེལ་རྒྱས་ཚན་པའི་འགན་འཛིན་མཱ་ཁའེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོར་གོ་གནས་སྤར་ནས་ཚོགས་ཆུང་གི་འགན་འཛིན་གཞོན་པ་ཧྭ་ཅན་མེའི་གི་ཚབ་བྱས་པར་བརྟེན། གསར་དུ་བསྐོ་བཞག་བྱས་པའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ལྷན་ཁང་གི་འགན་འཛིན་ཚོགས་ཆུང་དེའི་ནང་འཛུལ་ཞུགས་བྱས་ཡོད་པ་རེད། ཡང་ཆ་འཕྲིན་ལྟེ་གནས་ཁང་དེས་གསུང་ན། ཉེན་རྟོག་པའི་དམག་སྤྱི་ཝུའུ་ཧྲུའང་ཊེན་ཚོགས་ཆུང་གི་ཚོགས་མིར་འཛུལ་བ་དེ་ནི་བོད་ཀྱི་གནད་དོན་ཐད་ཆེས་མཐོའི་ལས་ཁུངས་ནང་ཉེན་རྟོག་པ་ཞུགས་པ་ཐོག་མ་དེ་རེད་ཅེས་གསུང་བཞག