ཉེས་རྡུང་འོག་འདས་གྲོངས་སུ་གྱུར་བ།
2013.05.13

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།
༄༅༎ཕྱི་ལོ་༢༠༡༣ ཟླ ༤ ཚེས་ ༢༡ ཉིན། མཛོ་སྒང་རྫོང་ཉེན་རྟོག་པས་བོད་ཁམས་ཚ་བ་མཛོ་སྒང་ནས་ཡིན་པའི་གྲྭ་སྐལ་རྡོ་ཞུ་བའི་ཤག་ནང་བསྔོག་བཤེར་བྱེད་སྐབས་༸གོང་ས་མཆོག་གི་བཀའ་སློབ་ཡོད་པའི་འཁོར་ཐག་གཉིས་རྙེད་པར་བརྟེན། ཁོང་ཉེན་རྟོག་པས་འཛིན་བཟུང་བྱས་པ་མ་ཟད་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་ཟླ ༤ པའི་ཚེས་ ༢༨ ཉིན་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་མིང་འདོན་གནང་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་སུ་ཞིབ་ཕྲའི་གནང་ཚུལ་ངོ་སྤྲོད་གནང་འདུག
གོང་ཞུས་གྲྭ་ཀ་རྡོ་ནི་ཆབ་མདོ་དགོན་པའི་ནང་ཕྱག་དཔེ་གཟིགས་མྱོང་མཁན་ཞིག་ཡིན་ཞིང༌། སྤྱི་སེམས་དང་ཤེས་བྱ་ཡོན་ཏན་དང་ལྡན་པའི་གྲྭ་བ་ཞིག་ཡིན་པ་གནས་ཚུལ་མཁོ་སྤྲོད་བས་ངོ་སྤྲོད་གནང་འདུག།