བོད་པའི་བཙུན་མ་གསུམ་ལ་མི་ལོ་གསུམ་གྱི་བཙོན་འཇུག

བོད་པའི་བཙུན་མ་གསུམ་ལ་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པའི་སྐོར་ལ་བོད་ཀྱི་དུས་བབ་དྲ་རྒྱའི་གསར་འགྱུར་ཐོག་གནས་ཚུལ།

2011.07.15

༄༅༎ཟླ་བ་འདིའི་ཚེས་༢ཉིན་ཁམས་དཀར་མཛེས་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་དཀར་མཛེས་དགེ་མ་བྲག་བཙུན་དགོན་གྱི་བཙུན་མ་གསུམ་ལ་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པའི་སྐོར་ལ་བོད་ཀྱི་དུས་བབ་དྲ་རྒྱའི་གསར་འགྱུར་ཐོག་གནས་ཚུལ་སྤེལ་བཞག

དེ་ཡང་དཀར་མཛེས་དགེ་མ་བྲག་བཙུན་དགོན་གྱི་བཙུན་མ་བྱམས་ལ་ཆོས་སྒྲོན་རང་ལོ་༣༡་དང༌། ཞེ་ལྷ་མོ་༢༡དབྱངས་ཅན་ནམ་མིང་གཞན་ལ་བཀྲ་ཤིས་ཚེ་མཚོར་ཞུ་བ་རང་ལོ་༢༨ ཡིན་པ་གསུམ་གྱིས་ཕྱི་ཟླ་དྲུག་པའི་ཚེས་༡༥ ཉིན་དཀར་མཛེས་ཁྲོམ་གཞུང་དུ་སྤྱིན་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཅོག་སྐུ་ཚེ་བརྟན་པ་ཤོག་ཅེས་པའི་འབོད་ཚིག་སྒྲོག་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་སྐབས་རྒྱ་མིའི་ཉེན་རྟོག་པས་བཙོན་བཟུང་བྱས་ཡོད་པ་རེད།

འོན་ཀྱང་སྐབས་དེ་དུས་ཁོང་གསུམ་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་པ་ནས་བཟུང་ནང་མི་སུ་གཅིག་གིས་ཁོང་གསུམ་གར་པར་ཡོད་མེད་དང་གནས་སྟངས་ཇི་འདྲ་ཡོད་མེད་རྩ་བ་ནས་ཤེས་རྟོགས་བྱུང་མེད་པ་མ་ཟད༌། ཉེ་ཆར་ཁྲིམས་རྩོད་པ་དང་ནང་མི་སོགས་སུ་གཅིག་མེད་པར་གསང་བའི་ཐོག་ནས་ཉེས་ཆད་བཏང་ཡོད་ཅིང༌། དེ་ནི་ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་བདུན་ཉིན་ཁོང་གསུམ་ལ་མི་ལོ་གསུམ་གྱི་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཟིན་པའི་ཡི་གེ་ཞིག་ཁྱིམ་དུ་འབྱོར་བ་ནས་ཤེས་རྟོགས་བྱུང་བ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎