༄༅།།ར་ཤི་ཡས་མི་བཟོས་སྲུང་སྐར་རམ་བཅོས་མའི་སྒྱུ་སྒར་(Satellite)གསུམ་ཁ་དབྱིངས་སུ་བཏང་བ་དེ་ཚང་མ་ལམ་ལྷོངས་མ་བྱུང་བར་ ཨ་རིའི་ཧ་ལྦའི་མངའ་སྡེའི་ཕ་རོལ་གྱི་ཞི་བདེའི་རྒྱ་མཚོའི་ནང་རྡབ་ལྷུངས་བྱུང་ཡོད་འདུག
མོ་སེ་ཀོ་ནས་རྒྱ་ནག་གི་ཧྲིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ར་ཤི་ཡས་རེས་གཟའ་ཉི་མའི་ཉིན་གོལོ་ན་སེ་ཨེམ་(Glonass-M)ཞེས་པའི་མི་བཟོས་སྲུང་སྐར་གསུམ་ཁ་དབྱིངས་སུ་བཏང་བ་ཨ་མི་རི་ཀའི་ཧ་ལྦའི་མངའ་སྡེ་མཚོ་གླིང་ཁུལ་གྱི་ཞི་བདེ་རྒྱ་མཚོའི་ནང་ལྷུངས་ཡོད་འདུག ར་ཤི་ཡའི་མཁའ་དབྱིངས་ལྟེ་གནང་ཁང་རོསེ་ཀོསེ་མོསེ་(Roscosmos)གྱིས་ད་བར་གསལ་བཤད་གང་ཡང་བྱས་མི་འདུག་ཀྱང་ ར་ཤི་ཡའི་ཨིནྚར་ཕེཁྶེ་(Interfax)ཞེས་པའི་གསར་ལས་ཁང་གིས་སྲུང་སྐར་དེ་རྣམས་ཁ་དབྱིངས་སུ་ཐོག་མའི་ཚད་གཞི་ལས་ཁ་ཤོར་ནས་རྒྱ་མཚོའི་ནང་ལྷུངས་ཡོད་ལུགས་འགྲེལ་བརྗོད་དང་སྦྲགས་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཚར་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།