འཁྱམས་རུ་དགོན་གྱི་དགེ་འདུན་པ་གསུམ་འཛིན་བཟུང་།

ཉེ་ཆར་མདོ་སྨད་མཚོ་ལྷོ་ཁུལ་ཐོག་ཏུ་སློབ་མའི་འོས་ལངས་བྱས་པའི་གནས་ཚུལ་ཕྱིར་བསྒྲཊ་ཀྱི་ཉེས་མིང་འོག་གསེར་ཆེན་རྫོང་འཁྱམ་རུ་དགོན་གྱི་དགེ་འདུན་པ་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

2012.12.10

འཁྱམས་རུ་དགོན་གྱི་དགེ་འདུན་པ་གསུམ་འཛིན་བཟུང་།

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཚེས་༡ ཉིན་དགེ་འདུན་པ་གསུང་རབ་རྒྱ་མཚོ་མཚོ་ལྷོ་ཁུལ་ཐོག་ནས་ཉེན་རྟོག་དམག་མིས་འཇུ་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་དང་། ཕྱི་ཚེས་༣ ཉིན་གྱི་མཚན་མོར་དྲག་ཆས་ཉེན་རྟོག་དམག་མི་ཁག་ཅིག་གསང་སྟབས་ཀྱིས་ཡོང་ཏེ་དགོན་པའི་འདུ་ཁང་གི་ཀོ་གཉེར་ཡིན་པའི་གྲྭ་གྲགས་བཟང་འཇུ་བཟུང་བྱེད་རྩིས་བྱས་ཀྱང་། གྲགས་བཟང་སོགས་དགེ་འདུན་པ་ཁག་ཅིག་འདུ་ཁང་ཐོག་གར་བསྡད་དེ་སྒོ་དམ་པོར་བརྒྱབ་པའི་རྐྱེན་གྱིས་ཉེན་རྟོག་དམག་མི་ཚོ་ནང་དུ་ཡོང་ཐུབ་མི་འདུག

ཉེན་རྟོག་དམག་མི་ཚོས་དགོན་པའི་འདུ་ཁང་གི་སྒོ་ཆེན་ལ་ཕྱི་ལོགས་ནས་སྒོ་ལྕགས་བརྒྱབ་ཏེ་གྲགས་བཟང་སོགས་མཚན་མོར་ཕྱིར་འགྲོ་མི་ཐུབ་པའི་ཐབས་ཤེས་བྱས་ཡོད་པ་དང་། ཞོགས་པ་སྔ་མོར་དགོན་པ་ཚོགས་སུ་འཚོགས་དགོས་པའི་སྐབས་དང་བསྟུན་དགེ་འདུན་པ་མང་པོ་ཞིག་སླེབས་ཡོང་སྐབས་ཉེན་རྟོག་པ་ཚོས་གྲགས་བཟང་སོགས་བྲོས་དོགས་ཀྱིས་འདུ་ཁང་གི་སྒོ་ཕྱེས་ཡོད་མི་འདུག

འཁྱམས་རུ་དགོན་གྱི་དགེ་འདུན་པ་གསུམ་འཛིན་བཟུང་།

དགེ་འདུན་པ་ཚོས་དོན་དག་མེད་པར་དགོན་པ་སྒོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་བཤད་སྐབས་ཉེན་རྟོག་པ་ཚོས་དོན་དག་བཤད་རྒྱུ་ཡོད་ཚེ་ཁུལ་ཐོག་ཏུ་ཞུ་དགོས་པ་ལས་ང་ཚོར་སྤྲད་པའི་འགན་དེ་བསྒྲུབ་དགོས་ཀྱིན་ཡོད་ཚུལ་བཤད་འདུག

དེ་ནས་དགེ་འདུན་པ་༡༥༠ ལྷག་ཅིག་ཁུལ་ཐོག་ཏུ་བསྐྱོད་སྐབས་ཀྱི་སྤྱི་ལེ་ལྔའི་མཚམས་སུ་དགོན་པའི་ལྷ་སྡེ་ཁག་ཅིག་གི་མི་མང་དང་བསམ་ཤེས་རྒན་གྲས་ཁག་འབྱོར་ཏེ་ཞུ་འབོད་ཀྱིས་དགེ་འདུན་པ་ཚོ་ཁུལ་ཐོག་ལ་ཞུ་གཏུགས་སུ་མི་བསྐྱོད་རེ་འདུན་ཞུས་འདུག

དགེ་འདུན་པ་ཚོས་དོན་དག་མེད་པར་ང་ཚོས་དགེ་འདུན་པ་ཚོ་འཇུ་བཟུང་བྱེད་མི་ཆོག་པའི་ཆ་རྐྱེན་བཤད་སྐབས་ས་གནས་དེར་དམག་ལྭ་ནག་པོ་གྱོན་པའི་དྲག་ཆས་དམག་མི་རླངས་འཁོར་ལྔ་དང་། ཉེན་རྟོག་དམག་མི་རླངས་འཁོར་ལྔ་དང་ཁུལ་ཐོག་གི་ལས་བྱེད་སོགས་ས་གནས་དེར་སླེབས་འདུག

ཉེན་རྟོག་པ་ཚོས་སྤྱིར་ན་འཁྱམས་རུ་དགོན་པའི་ནང་གྲྭ་བ་བཅུ་གྲངས་ཤིག་འཛིན་རྒྱུའི་མིང་གཞུང་ཡོད་ཀྱང་གནས་སྐབས་རིང་དགོན་པའི་ཀོ་གཉེར་གྲགས་བཟང་དང་། ཡེ་ཤེས་བཟང་པོ་གཉིས་ངེས་པར་རྫོང་ཐོག་ཏུ་ཡོང་དགོས་པ་དང་ཁོ་གཉིས་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད་པས་དེ་ནས་ཕྱིར་ཡོང་དུ་འཇུག་རྒྱུའི་ཁས་ལེན་སོགས་བྱས་ཡོད་འདུག  ཁོ་གཉིས་རྫོང་ཐོག་ཏུ་མ་ཡོང་ཚེ་དྲག་ཆས་དམག་མི་དགོན་པར་ཡོང་སྟེ་དགོན་པར་ཡག་པོ་མི་ཡོང་བའི་ཉེན་བརྡ་བཏང་འདུག ཕྱི་ཚེས་༥ ཉིན་གྲགས་བཟང་དང་ཡེ་ཤེས་བཟང་པོ་གཉིས་ཁུལ་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཡོད་པ་དང་། དེ་ནས་བཟུང་གར་སོང་འདིར་སོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱིན་མེད་པ་རེད་འདུག

འཁྱམས་རུ་དགོན་གྱི་དགེ་འདུན་པ་གསུམ་འཛིན་བཟུང་།

དགེ་འདུན་པ་གསུང་རབ་རྒྱ་མཚོ་ལགས་ནི་འཁྱམས་རུ་དགོན་པའི་ལྷ་སྡེ་ཆུ་རྔ་སྡེ་བ་ནས་ཡིན་པ་དང་། ཁོང་གི་ཕ་ཡི་མིང་ལ་ཕག་མོ་ཚེ་རིང་དང་རང་ལོ་༣༦ ཙམ་ཡིན་འདུག དགེ་འདུན་པ་ཡེ་ཤེས་བཟང་པོ་ལགས་ནི་མཚོ་སྔོན་པོའི་འགྲམ་རྒྱུད་སྤྲེལ་ནག་འབྲོག་སྡེ་ནས་ཡིན་པ་དང་རང་ལོ་༣༧ ཙམ་རེད་འདུག དགེ་འདུན་པ་གྲགས་བཟང་ལགས་ཀྱང་སྤྲེལ་ནས་སྡེ་བ་ནས་ཡིན་པ་དང་རང་ལོ་༢༦ ཙམ་ཡིན་འདུག ཁོང་གཉིས་ཀྱི་ཕ་མའི་མིང་སོགས་ད་དུང་གསལ་རྟོགས་ཐུབ་ཀྱིན་མེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎