ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་ཞུས་པ།

0:00 / 0:00

0:00 / 0:00

0:00 / 0:00
2023022 Tibetan New Year-105.JPG
Protest outside Chinese embassy in Washington People mobilized by Christian Defense Coalition, protest to condemn the human rights abuses of the Chinese government against Chinese citizens, and violation of American airspace with a large spy balloon, near the Chinese embassy in Washington, DC, Wednesday, Feb. 15, 2023. (RFA Photo/Gemunu Amarasinghe) (Gemunu Amarasinghe/Gemunu Amarasinghe/RFA)

ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་ཞུས་ཤིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ Anthony Blinken མཆོག་གིས་སྲུང་འཕྲིན་གནང་པའི་ནང་། ཨ་རིའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གྱི་ཆོད་སེམས་བརྟན་པོ་ཡོད་པར་མ་ཟད། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམ་བསྐོ་དང་ཁོང་རྣམ་པར་དད་གུས་ཞུ་ཆོག་རྒྱུར་ཡང་རྒྱབ་སྐྱོར་བརྟན་པོ་ཡོད་པ་བསྐྱར་ནན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཐེངས་འདིའི་ཨ་རིའི་གཞུང་གི་བོད་ཀྱི་ལོ་གསར་གྱི་མཛད་སྒོའི་ཐོག་ཨ་རིའི་གཞུང་གི་བོད་དོན་ལས་དོན་ཐད་ཀྱི་དམིགས་བསལ་སྐུ་ཚབ་ལྕམ་ཨུཛ་ར་ཛི་ཡ་མཆོག་ཀྱང་ཆེད་ཕེབས་ཐོག་ཨ་རིའི་གཞུང་གིས་བོད་དོན་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་ཕྱོགས་སྐོར་གསུངས་པ་དང་། གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དང་ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་མང་དག་ཅིག་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་རེད།།

Statedepartment2.jpg


གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག