ཨོ་སྦ་མའི་ཐག་གཅོད་ལ་༸གོང་ས་མཆོག་གི་དགོངས་འཆར།

༸གོང་ས་མཆོག་ནས་གང་ཉིད་ཀྱིས་གཞན་ལ་སྟབས་མི་བདེ་བའི་རྣམ་པ་གང་ཡང་སྐྲུན་གནང་རྒྱུའི་ཐུགས་འདོད་མེད་པ་བཀའ་ལན་གནང་ཡོད་པ།

2009.10.09

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་སྐུ་ཉིད་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར་བསྐྱངས་རིང་ཨ་རིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་ཐུབ་མེད་པ་དེར་ཨ་རིའི་སྲིད་འཛིན་གྱི་ཐག་གཅོད་ལ་དགོངས་བཞེས་གནང་སྟེ་རྒྱ་ནག་ཁོང་ཁྲོ་བསླང་རྒྱུའི་གཞི་བཟོས་གནང་འདོད་མེད་པ་གཟའ་ཕུར་བུའི་ཉིན་བཀའ་གནང་མཛད་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཕྱི་ཚེས་ལྔ་ནས་བཟུང་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་བཞུགས་བཞག་དྲུག་རིང་མཛད་འཕྲིན་ཁག་བསྐྱངས་བཞིན་ཡིན་པ་དང་༸གོང་ས་མཆོག་ནས་ཨ་རིའི་སྙན་གྲགས་ཆེ་བའི་བརྙན་འཕྲིན་བརྒྱུད་ལམ་སི་ཨེན་ཨེན་གྱི་བཀའ་འདྲིར་བཀའ་ལན་གནང་བའི་སྐབས་༸གོང་ས་མཆོག་ནས་གང་ཉིད་ཀྱིས་གཞན་ལ་སྟབས་མི་བདེ་བའི་རྣམ་པ་གང་ཡང་སྐྲུན་གནང་རྒྱུའི་ཐུགས་འདོད་མེད་པ་བཀའ་ལན་གནང་ཡོད་པ་དང་འབྲེལ་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་ད་རེས་༸གོང་ས་མཆོག་དང་མཇལ་འཕྲད་མི་གནང་བའི་ཐག་གཅོད་ལ་ཐུགས་ཕམ་བྱུང་གནང་མེད་པ་དང་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་དཔོན་རིགས་དང་བཀའ་མོལ་གནང་བའི་སྐབས་བོད་ཀྱི་གནད་དོན་དེ་བཏོན་གནང་རྒྱུར་༸གོང་ས་མཆོག་ནས་ཡིད་ཆེས་གནང་གི་ཡོད་པ་བཀའ་ལན་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་ལོ་འདིའི་ལོ་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་དང་ཡིན་ནའི་ཨ་རིའི་སྲིད་འཛིན་ད་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་གྲུབ་པའི་རྗེས་སུ་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་སའི་ཁུལ་གྱི་མཛད་འཆར་ནང་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་དེ་བཞིན་ཨ་རི་གཞུང་གིས་གསར་དུ་བསྐོ་བཞག་གནང་བའི་བོད་དོན་འབྲེལ་འཐུད་སྐུ་ཚབ་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎