༸གོང་ས་མཆོག་ཨ་ཡེར་ལེན་དུ་ཆིབས་བསྒྱུར་བསྐྱང་རྒྱུ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་༤་པའི་ནང་ཨ་ཡེར་ལེན་ལ་ཆིབས་བསྒྱུར་བཀྲིན་བསྐྱངས་འཆར་འདུག

2011.02.02

༄༅༎བོད་ཀྱི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་༤་པའི་ནང་ཨ་ཡེར་ལེན་ལ་ཆིབས་བསྒྱུར་བཀྲིན་བསྐྱངས་འཆར་འདུག ཨའེ་རིཤ་དུས་བབ་ཅེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཨ་ཡེར་ལེན་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོཌ་པ་Children in Crossfireདང་Afri དེ་བཞིན་SpunOut.i.eཞེས་པ་སོཌ་ཚོཌ་པ་གསུམ་གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཞི་པའི་ནང་ཨ་ཡེར་ལེན་ལ་ཆིབས་བསྒྱུར་ཐེངས་བཞི་པ་དེ་བསྐྱངས་ནས་ཕྱི་ལོ་༢༠༡༡་ལོེར་སྤྱི་ཚོཌ་ནང་འགྱུར་བ་ཡོང་སྲིད་པ་ཞེས་གོང་ཞུས་ཚོཌ་པ་ཁག་གིས་མ་སྐུལ་དང་བླང་སྒོ་ནས་སྤེལ་བའི་མཛད་འཆར་རིམ་པ་མང་པོའི་ཚོཌ་མགོན་དུ་ཕེབས་རྒྱུ་ཡིན་འདུག

༧གོང་ས་མཆོག་གིས་ཕྱི་ཚེས་༡༣་ཉིན་ཨ་ཡེར་ལེན་གྱི་རྒྱལ་ས་ཌབ་ལིན་ནང་གི་སི་ཊི་ལྦེསིཏ་མགྲོན་ཁང་ཆེན་མོའི་ནང་སྤྱི་ཚོཌ་ཀྱི་ལྡིང་ཆ་ཞེས་པའི་ཐོག་ཀུན་ཁྱབ་འགན་འཁུར་སྐོར་བཀའ་སློབ་སྩལ་རྒྱུ་དང་དེའི་ནང་ཨ་ཡེར་ལེན་གྱི་སྲིད་འཛིན་ཟུར་པ་ལྕམ་མེ་རི་རོ་སྦིན་སེན་མཆོག་ཀྱང་ལྷན་བཞུཌ་གནང་འཆར་འདུག་ དེ་ནས་ཕྱི་ཚེས་༡༤་ཉིན་༧གོང་ས་མཆོག་གྲོང་ཁྱེར་ཀིལ་ཌེར་ཞེས་པའི་ནང་ཆིབས་བསྒྱུར་བསྐྱངས་ནས་བསམ་པའི་དཔལ་ཡོན་སྐོར་བཀའ་སློབ་སྩལ་འཆར་ཡོད་པ་དང་ཕྱི་ཚེས་༡༥ཉིན་ལི་མི་རིཀ་གཙུག་ལག་སློབ་གྲ་ཆེན་མོའི་ནང་བཟོད་བཞེས་དང་དགོངས་ཡང་གི་ནུས་པའམ་སྟོབས་ཤུཌ་སྐོར་བཀའ་སློབ་བཀྲིན་ཆེ་གནང་གིས་ད་ཐེངས་ཀྱི་ཡུལ་དེའི་ནང་གི་མཛད་འཆར་མཇུག་སྒྲིལ་གནང་འཆར་འདུག་ ༧གོང་ས་མཆོག་གིས་༧མགོན་པོ་གང་ཉིད་ཀྱིས་མི་སྒེར་པ་ཞིག་ནས་ཀྱང་སྤྱི་ཚོཌ་ནང་བསྒྱུར་བ་གཏོང་ཐུབ་རྒྱུ་ཡིན་པར་ཐུཌ་ཡིད་གནང་གི་ཡོད་ཅེས་དང་འཛམ་གླིང་འདི་སྐྱིད་པོ་ཞིག་དང་དྲང་པོ་དྲག་ཤག་ཞིག་བཟོ་བསྐྲུན་ལ་ཕན་པའི་ཆེད་དུ་ང་ཚོ་མི་རེ་རེས་རང་གི་དུས་ཚོད་བེད་སྤྱོད་ཡག་པོ་གཏོང་དགོས་སྐོར་དང་དེང་སྐབས་ཨ་ཡེར་ལེན་ནང་དང་འཛམ་གླིང་སྤྱི་ཡོངས་ནང་དཔལ་འབྱོར་ཉམ་རྒུད་དང་གནམ་གཤིས་འགྱུར་ལྡོག་ དེ་བཞིན་དབུལ་ཕྱུག་གཉིས་དབར་བར་ཁྱད་ཆེ་རུ་འགྲོ་བཞིན་པའི་གཉན་ཕྲང་ཆེ་བའི་དུས་འདིར་ཨ་ཡེར་ལེན་ ནང་ཆིབས་བསྒྱུར་བསྐྱངས་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་སྐོར་ཡུལ་དེར་ཆིབས་བསྒྱུར་མ་བསྐྱངས་གོང་བཀའ་གནང་འདུག་ ༧གོང་ས་མཆོག་ཨ་ཡེར་ལེན་ནང་གི་ཆིབས་བསྒྱུར་དེ་བཞིན་Children in Crossfireའམ་དམག་ཁྲུག་ནང་ལོ་ཆུང་བྱིས་པ་ཚུད་པ་ཞེས་པའི་སྦྱིན་གཏོང་ཚོཌ་པ་གསར་འཛུཌ་གནང་མཁན་སྐུ་ཞབས་རི་ཆདྲ་མུཨར་སྐུ་སྒེར་ཐོག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་ཆིབས་བསྒྱུར་བསྐྱངས་གཏན་འཁེལ་བ་ཞིག་ཀྱང་ཡིན་འདུག་ གོང་ཞུས་ཚོཌ་པ་དེ་ནི་རང་ལོ་༡༠་སོན་སྐབས་སམ་ཕྱི་ལོ་༡༩༧༢་ལོར་མགྱིཌ་ཀྱི་མེ་མདའི་ལྡེའུ་ཕོག་ནས་མིག་ལོང་བ་ཆཌ་པ་རི་ཆདྲ་མུཨར་ཡིས་ཕྱི་ལོ་༡༩༩༦་ལོར་གསར་འཛུཌ་གནང་བ་ཞིག་ཡིན་པ་དང་དུས་དེ་ནས་བཟུང་ཁོང་གིས་འཛམ་གླིང་ནང་གི་བྱིས་པ་ཉམ་ཐག་རྣམས་དཀའ་སྡུག་ནས་སྐྱོབ་ཐབས་དང་ཁོང་རྣམས་ལ་དྲང་བདེན་ཡོང་བའི་འབད་བརྩོན་གནང་བཞིན་ཡོད་པ་རེད་ ༧གོང་ས་མཆོག་ཨ་ཡེར་ལེན་ནང་ཕྱི་ལོ་༢༠༠༠་དང་༢༠༠༥་༢༠༠༧་སོ་སོར་ཆིབས་བསྒྱུར་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎