༸གོང་ས་མཆོག་ལ་གྷན་རྡིའི་ཞི་བདེའི་གཟེངས་རྟགས་འབུལ་འཆར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱེས་བུ་དམ་པ་གྷན་རྡིའི་ཞི་བདེའི་གཟེངས་རྟག་འབུལ་བཞེས་གནང་འཆར་ཡོད་འདུག

2011.10.02

༄༅༎དེ་རིང་ཕྱི་ཟླ་བཅུ་པའི་ཚེས་གཉིས་ཉིན་མོ་འདི་ནི་རྒྱ་གར་གྱི་སྐྱེས་བུ་དམ་པ་གྷན་རྡིའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་དང་། ལྷོ་ཨཕ་རི་ཀའི་ནང་རྟེན་གཞི་བྱེད་པའི་གྷན་རྡིའི་ཐེབས་རྩ་ཁང་གི་འགན་འཛིན་གྣ་རྡིའི་ཚ་མོ་ལྕམ་ཨི་ལ་ གྣ་རྡི་མཆོག་གི་གསུངས་པར་ལྟར་ན། ལོ་འདིའི་སྐྱེས་བུ་དམ་པ་གྷན་རྡིའི་རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟག་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བདུན་ཕྲག་རྗེས་མའི་རེས་གཟའ་པ་སངས་ཉིན་འབུལ་བཞེས་གནང་རྒྱུ་ཡིན་འདུག ༸གོང་ས་མཆོག་ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌིཟ་མོནྚ་ཊུ་ཊུ་མཆོག་གི་དགུང་གྲངས་བརྒྱ་བཅུ་ཐམ་པར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་གདན་འདྲེན་ཞུས་ཡོད་ཀྱང་། ད་བར་ལྷོ་ཨཕ་རི་ཀའི་གཞུང་ནས་མཐོང་མཆན་ཕུལ་མེད་པར་བརྟེན་༸གོང་ས་མཆོག་སྐུ་དངོས་སུ་ཆིབས་བསྒྱུར་གནང་ཐུབ་ཀྱི་ཡོད་མེད་ད་ལྟ་གསལ་པོ་མེད་པ་རེད། སྐྱེས་བུ་དམ་པ་གྷན་རྡིའི་ཚ་མོ་དང་འབྲེལ་ཡོད་ཐེབས་རྩ་ཁང་གི་འགན་འཛིན་ལྕམ་ཨི་ལ་ གྷན་རྡི་མཆོག་གིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ད་ཆ་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཤིག་ཡིན་པ་ལས་ཆབ་སྲིད་ཀྱི་དབུ་འཁྲིད་ཀྱི་ཐུགས་འགན་བཞེས་ཀྱི་མེད་པར་བརྟེན་ཁོང་ལ་མཐོང་ཆན་འབུལ་རྒྱུར་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་འདུག་ལ་ལྷོ་ཨཕ་རི་ཀའི་གཞུང་ནས་དགོངས་བཞེས་གནང་བའི་རེ་བ་ཞུ་གི་ཡོད། ཡིན་ནའང་གལ་སྲིད་ཆིབས་བསྒྱུར་གནང་མ་ཐུབ་པ་ཡིན་ན། ཁོང་གི་སྐུ་ཚབ་དོན་གཅོད་མཆོག་བརྒྱུད་ནས་མཛད་སྒོའི་ཐོག་འབུལ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎