ཧིན་རྡུའི་ཆོས་ཚོགས་ཚོགས་ཆེན་ཐེངས་༧༨་པ།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་རྡུའི་ཆོས་ཚོགས་ཆེན་པོ་དེའི་ཚོགས་ཆེན་ཐེངས་༧༨པ་དེ་དབུ་འབྱེད་གནང་གཏན་འཁེལ་འདུག

2010.12.28

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༣༠འི་ཉིན་རྒྱ་གར་ལྷོ་ནུབ་མངའ་སྡེ་ཀེ་ར་ལའི་ནང་གི་ལྦར་ཀ་ལ་ཟེར་བའི་ས་གནས་དེར་རྟེན་གཞི་བྱས་པའི་Teertha nanda Sanyasi Sammelanཞེས་པའི་ཧིན་རྡུའི་

ཆོས་ཚོགས་ཆེན་པོ་དེའི་ཚོགས་ཆེན་ཐེངས་༧༨པ་དེ་དབུ་འབྱེད་གནང་གཏན་འཁེལ་ཡོད་པ་རེད་

མཛད་སྒོ་དེར་༸གོང་ས་མཆོག་དང་ལྷན་དུ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་རྡུལ་ཀ་ལམ་མཆོག་གིས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་ ཧིན་རྡུའི་ཆོས་ཚོགས་དེར་ཀེ་ར་ལ་མངའ་སྡེའི་ནང་སྲིད་བློན་ཆེན་ཀོ་རྡི་ཡེ་རི་སྦསི་ལ་ཀི་རིཤ་ནན་མཆོག་དང་ཀར་ན་ཀྲ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་ལྦི་ཨེསི་ཨ་ཅརྱ་དང་གོ་ཨ་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་སུ་རྡིན་ར་མ་ཀི་རིཤ་ནན་སོགས་ཀྱང་ངོ་བཅར་གནང་རྒྱུ་ཡིན་པ་རེད་ ༸གོང་ས་མཆོག་གིས་ད་ལོའི་ཕྱི་ཟླ་༩པའི་ནང་ལའང་ཀེ་ར་ལ་མངའ་སྡེའི་ས་གནས་ཀོ་ཆི་རུ་ཆིབས་བསྒྱུར་གནང་སྟེ་ཆོས་དད་རང་མོས་སྐོར་གྱི་འཛམ་གླིང་གི་གྲོས་ཚོགས་དབུ་འབྱེད་གནང་བ་རེད་ རྒྱ་གར་ལྷོ་ནུབ་མངའ་སྡེ་ཀེ་ར་ལའི་ལྦར་ཀ་ལ་ཟེར་བའི་ནང་ཧིན་རྡུའི་ཆོས་ཚོགས་ཆེན་པོ་དེའི་ཚོགས་ཆེན་དབུ་འབྱེད་གནང་རྒྱུའི་མཛད་འཆར་དེ་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་འདིའི་མཛད་འཕྲིན་མཐའ་མ་དེ་ཡིན་པ་རེད་ ཕྱི་ལོ་གསར་པ་ཤར་རྗེས་༸གོང་ས་མཆོག་གི་མཛད་འཕྲིན་ཐོག་མ་དེ་ཕྱི་ཟླ་དང་པོའི་ཚེས་༩འི་ཉིན་རྒྱ་གར་གྱི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ནང་ཆོས་ལྟེ་གནས་ཀྲུ་ཤི་ཀྲའི་དུས་སྟོན་ཐེངས་༣༠འི་ཐོག་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎