༧གོང་ས་མཆོག་གིས་ཆོས་འབྲེལ་གསུང་ཆོས་བསྩལ་བ།

༧གོང་ས་མཆོག་ནས་བཞུགས་སྒར་དུ་ལྷོ་ཤར་ཨེ་ཤི་ཡ་ཁུལ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩལ་གནང་བ།

2011.08.30

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ ལྷོ་ཤར་ཨེ་ཤི་ཡ་ཁུལ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་གཙོས་སེར་སྐྱ་མི་དམངས་སྟོང་ཕྲག་འགའ་ཤས་ལ་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་གསུང་ཆོས་སྩལ་གནང་འགོ་ཚུཌ་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༨ ཚེས་ ༣༠ ནས་ ཕྱི་ཟླ་ ༩ ཚེས་ ༡ བར་ སིང་ག་པུར་དང་ མ་ལེ་ཤི་ཡ་ ཧོང་ཀོང་དང་ ཐའེ་ལྦན་སོགས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་དང་ དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་ལ་སོགས་པ་ཡུལ་གྲུ་མི་འདྲ་བ་ ༥༤ ཙམ་ནས་བཅར་བའི་ཕྱི་རྒྱལ་མི་རིགས་ ༡༣༠༠ སྐོར་དང་ བོད་རིགས་སེར་མི་དམངས་བཅས་ཁྱོན་བསྡོམས་མི་གྲངས་ ༥༠༠༠ བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་མཇུག་ཆེན་མོའི་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་ཞིང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་ནང་ཆོས་ངོ་སྤྲོད་སྩལ་གནང་མཛད་སྐབས་ ཆོས་ཞུ་བ་ཚོ་འདིར་འདུས་པའི་དགོས་པ་གཙོ་བོ་ནི་བདེ་སྐྱིད་དོན་གཉེར་གྱི་ཆེད་ཡིན་པ་དང་ དཔལ་འབྱོར་དང་དབང་ཤུགས་སོགས་ཕྱི་དངོས་པོའི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ལས་བྱུང་བའི་བདེ་བ་དེ་དག་གཙོ་བོ་དབང་ཤེས་ལ་བརྟེན་ནས་བྱུང་བའི་ཚོར་བ་བདེ་བ་ཡིན་པ་དང་ དེ་དག་ནི་ཕྲལ་སེལ་ཙམ་ཞིག་ཡིན་ཞིང་ དཔེར་ན་ཡུལ་མཛེས་པོས་མིག་གི་དབང་ཤེས་ལ་བདེ་བ་སྦྱིན་པ་དང༌། སྒྲ་སྙན་པོས་རྣ་བའི་དབང་ཤེས་ལ་བདེ་བ་སྦྱིན་པ་སོགས་ཡོང་གི་ཡོད་ཀྱང༌། དབང་ཤེས་ལ་བརྟེན་པའི་ཚོར་བ་བདེ་བ་ཇི་ཙམ་བྱུང་ཡང་ སེམས་ཀྱི་དཀའ་ངལ་ཆེན་པོ་ཡོད་མཁན་གྱི་མི་དེའི་སེམས་ཀྱི་སྡུག་བསྔལ་ཕྱིའི་དབང་ཤེས་ལ་རྟེན་པའི་བདེ་བ་དེ་དག་གིས་སེལ་ཐུབ་རྒྱུ་མིན་པ་གསལ་པོ་རེད། དེ་ལས་ལྡོག་ཏེ་ནང་སེམས་ཀྱི་ཚོར་བ་ཞི་བདེ་བག་ཕེབས་ངང་གནས་པའི་མི་དེས་ལུས་ཀྱི་སྡུག་བསྔལ་ལ་བཟོད་སྒོམས་ཐུབ་པར་མ་ཟད་ ནང་སེམས་ཀྱི་བདེ་སྐྱིད་ཀྱི་དོན་དུ་ལུས་ཐོག་གི་སྡུག་བསྔལ་དང་དུ་ལེན་ཐུབ་པ་ཡང་ཡོང་གི་ཡོད་པར་བརྟེན། ང་ཚོས་འདོད་རྒྱུའི་བདེ་བར་དབང་ཤེས་དང་ཡིད་ཤེས་ལ་བརྟེན་པའི་བདེ་བ་སོ་སོར་ཡོད་པ་ལས་ཡིད་ཤེས་ལ་བརྟེན་པའི་བདེ་བ་དེ་ནུས་པ་དང་གལ་ཆེ་བ་ཆགས་ཡོད་པ་ཤེས་དགོས་གལ་ཆེ་བའི་སྐོར་བཀའ་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལོ་ལྟར་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་ནས་གསུང་ཆོས་ཞུ་བཞིན་པ་ལྟར་ ཐེངས་འདིའི་ཆོས་འབྲེལ་ཐེངས་ ༥ པ་དེ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎