བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་ཅིག་ཡོང་བའི་ཐུཌ་རེ།

༸གོང་ས་མཆོག་གིས་བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་ཅིག་ཡོང་བའི་ཐུཌ་རེ་བཟང་པོ་གློད་གཏོང་རྩ་བ་ནས་གནང་མེད་སྐོར།

༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་ཅིག་ཡོང་བའི་ཐུཌ་རེ་བཟང་པོ་གློད་གཏོང་རྩ་བ་ནས་གནང་མེད་སྐོར་སོཌ་ལྦི་ནི་པེག་རང་དབང་གསར་ཤོག་ཅེས་པའི་ཁེ་ན་གྲའི་གསར་ཤོག་གིས་ཕྱི་ཚེས་༣༠ཉིན་དཔྱད་གཏམ་ཞིག་སྤེལ་འདུག

དེའི་ནང་འཁོད་དོན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུཌ་རེ་བཟང་པོའི་འབྱུང་ཁུངས་དེ་ནི་༸མགོན་པོ་གང་ཉིད་ཏ་ལའི་བླ་མའི་ཡང་སྲིད་དུ་སྐུ་འཁྲུངས་སྟབས་ཡིན་སྲིད་ལ་ ཁོང་ནི་ཁྲིམས་མཐུན་སྒོ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཡིན་པར་བོད་མི་མང་ཆེ་བས་བསམ་གྱི་ཡོད་པ་རེད་ ཡིན་ནའི་རྒྱ་ནག་དམར་པོའི་དབང་འཛིན་པ་ཚོས་དེར་མོས་མཐུན་མ་ཞུས་པར་བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ནས་ཤིག་ཡིན་ཚུལ་བཤད་པ་མ་ཟད་རང་གི་བཤད་པ་དེ་བདེན་པ་བཟོ་རྒྱུར་ཕྱི་ལོ་༡༩༥༠་ལོར་བོད་ནང་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་དང་སྤེལ་མུས་རེད་ ཡིན་ནའི་༸གོང་ས་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་ཀྱི་གནས་བབ་ཅིག་ཐོབ་ནས་༸མགོན་པོ་གང་ཉིད་བོད་ལ་ཕྱིར་ཕེབས་བསྐྱངས་རྒྱུའི་ཐུཌ་རེ་བཟང་པོ་དེ་རྩ་བ་ནས་གློད་གཏོང་གནང་མེད་པ་རེད་ཅེས་དང་ འོན་ཀྱང་༸གོང་ས་མཆོག་གིས་བོད་ཀྱི་གནོད་དོན་སྐོར་བཀའ་ཡང་སེ་གནང་གི་ཡོད་པ་བཞིན་དུ་བོད་དོན་སྐོར་བཀའ་ག་དུས་གནང་པ་ཡིན་ནའི་དེར་རྒྱ་ནག་གཞུང་ངོས་ནས་སྐྱོན་བརྗོད་ཞུ་ཡི་ཡོད་པ་རེད་ དེ་ལྟར་ཡིན་མོད་ཀྱང་གཟའ་འཁོར་དེའི་ནང་༸གོང་ས་མཆོག་གི་དམིཌ་བསལ་སྐུ་ཚབ་གཉིས་དབུས་པའི་མི་སྣ་ལྔ་ལས་གྲུབ་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོཌ་ཆུང་གི་འཐུས་མི་རྣམས་རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་ཕེབས་བྱུང་པ་ལྟར་རྒྱ་ནག་གིས་ཀྱང་སྣེ་ལེན་ཞུས་ཡོད་པ་རེད་ འོན་ཀྱང་འབྲེལ་མོལ་དེ་ནས་ཡང་བསྐྱར་༸གོང་ས་མཆོག་ཐུཌ་ཕམ་འཇུག་རྒྱུ་ཡིན་པ་གཡོལ་ཐབས་མེད་པ་རེད་ལ་ འབྲེལ་མོལ་དེ་ནས་བོད་དོན་སྐོར་གྲོས་མོལ་དངོས་གཞི་ཡོང་བཟོ་ཞན་ཅིང་ རྒྱ་གཞུང་ངོས་ནས་ཏ་ལའི་བླ་མས་གོ་སྐབས་དེ་གཅེས་སྐྱོང་གནང་སྟེ་ང་ཚོའི་འབོད་སྐུལ་ལ་བཟང་ཕྱོཌ་ཀྱི་ཡ་ལན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལུཌ་བཤད་པ་སོཌ་ཀྱང་གོང་ཞུས་ཚཌ་པ་དེས་ལུང་འདྲེན་བྱས་འདུག།