གྲོང་ཁྱེར་པེ་རི་སིས་༸གོང་ས་མཆོག་ལ་ཆེ་བསྟོད་འབུལ་གཏན།

༸གོང་ས་མཆོག་ཕེ་རན་སི་དུ་ཆིབས་བསྒྱུར་བསྐྱང་སྐབས་པེ་རི་སི་གྲོང་ཁྱེར་སྤྱི་ཁྱབ་པས་ཆེ་བསྟོད་ཀྱི་ཆབ་འབངས་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུ།

2009.05.26

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་དྲུག་པའི་ནང་ཕེ་རན་སི་དུ་ཆིབས་བསྒྱུར་བསྐྱང་སྐབས་པེ་རི་སི་གྲོང་ཁྱེར་སྤྱི་ཁྱབ་པས་ཆེ་བསྟོད་ཀྱི་ཆབ་འབངས་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུ་ཡིན་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་ཕེ་རན་སིའི་རྒྱལ་ས་པེ་རི་སི་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་ཀྱི་དོན་གཅོད་ཁང་གི་དྲུང་ཆེ་བར་ཞི་དབང་པོ་ལགས་ཀྱིས་ཞལ་པར་ཐོག་ཨེ་པི་གསར་འགྱུར་ལས་ཁང་གི་གསར་འགོད་པའི་བཅར་འདྲི་ལ་ལེན་གནང་སྐབས་ན་ནིང་ཕེ་རན་སིའི་གྲོང་ཁྱེར་པེ་རི་སི་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་ཆབ་འབངས་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུར་མང་མོས་འོས་ཤོག་འཕེན་ཏེ་ཐག་གཅོད་བྱུང་བ་བཞིན་ད་རེས་པེ་རི་སི་གྲོང་ཁྱེར་སྤྱི་ཁྱབ་པ་སྦར་ཀྲ་རནཊེ་ཌེ་ལ་ནོ་མཆོག་གིས་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་རྒྱུའི་མཛད་སྒོ་ཆུང་ཆུང་ཞིག་གོ་སྒྲིག་གནང་གི་ཡོད་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་མེད་པ་དང་ཡིན་ནའང་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ཁག་ཐོག་མཛད་སྒོ་དེ་ཕྱི་ཟླ་དྲུག་པའི་ཚེས་དྲུག་ཉིན་གོ་སྒྲིག་གནང་གི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། གལ་ཏེ་པེ་རི་སི་སྤྱི་ཁྱབ་པ་མཆོག་གིས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆབ་འབངས་མི་སེར་གྱི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཚོགས་པ་ཡིན་ཚེ་རྒྱ་ནག་གཞུང་གིས་ན་ནིང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་ལ་སྐྱོན་བརྗོད་དང་ཉེན་བརྡ་ཇི་ཙམ་བཏང་ཡང་ཕྱི་ཟླ་བཅུ་གཉིས་པའི་ནང་པོའོ་ལེནདྲ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པར་བརྟེན་ནས་རྒྱ་ནག་དང་ཕེ་རན་སི་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་རྗེས་ཉེ་ཆར་ཕྱི་ཟླ་བཞི་པའི་ནང་ཕེ་རན་སི་ཕྱོགས་ནས་བོད་རང་བཙན་ངོས་ལེན་མེད་ཅེས་བཤདད་པར་བརྟེན་ནས་རྒྱ་ནག་དང་ཕེ་རན་སི་འབྲེལ་ལམ་ཕྲན་བུ་ཡར་རྒྱས་ཕྱོགས་སུ་བསྐྱོད་བཞིན་ཡོད་པའི་སྐབས་དེར་བསྐྱར་དུ་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་སྲིད་པའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད། ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཟེར་བས་གསར་འགོད་པར་པེ་རི་སི་གྲོང་ཁྱེར་གྱི་ཆབ་འབངས་མི་སེར་གྱི་ཕྱག་ལག་འབུལ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་ང་ཚོས་པེ་རི་སི་གྲོང་ཁྱེར་ཕྱོགས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ་དང་བོད་ཀྱི་འབྲེལ་བའི་གནད་དོན་ཐོག་ལ་ནོར་འཁྲུལ་མི་བཟོ་བའི་རེ་བ་ཡོད་ཅེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎