༸གོང་ས་མཆོག་ལ་སྐུ་ཚེ་རྒྱུན་རིང་བརྟན་པའི་བརྟན་བཞུགས།
2011.07.14
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ལྦ་ཤེང་ཀྲོན་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་རྩལ་བཞིན་ཡོད་པ་དང་ དུས་འཁོར་དབང་ཆེན་ཕྱི་ཚེས་༡༥་ཉིན་མཇུག་སྒྲིལ་གྱིས་ཚེས་༡༦་ཉིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་མཐོུང་ནས་༧གོང་ས་མཆོག་ལ་བཀྲིན་རྗེས་དྲན་ཆེད་སྐུ་ཚེ་རྒྱུན་རིང་བརྟན་པའི་བརྟན་བཞུགས་གཏར་འབུལ་ཞུ་ཡི་ཡོད་པ་རེད་
དུས་འཁོར་དབང་ཆེན་རྩལ་སྒྲུབ་པའི་རྗེས་༧སྤྱི་ནོར་༧གོང་ས་མཆོག་ཨ་མི་རི་ཀའི་གྲོང་ཁྱེར་ཆེན་པོ་ཤེ་ཀ་གོ་ལ་ཆིབས་བསྒྱུར་གནང་གི་ཡོད་པ་དང་ ཤེ་ཀ་གོའི་ནང་རྟེན་གཞི་བྱས་པའི་(Theosophical) ཐིབོ་སོ་ཕི་ཀལ་ཚོགས་པས་ ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རེས་གཟའ་ཉི་མའི་༧གོང་ས་མཆོག་ནས་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་ཡི་ཡོད་པ་དང་ ཕྱིས་ཉིན་རེས་གཟའ་ཟླ་བའི་ཉིན་ཆོས་ལུགས་རིགས་མེད་ཀྱི་དབུ་ཁྲིད་དབར་གྱི་གྲོས་གླེང་ལྷན་ཚོགས་ཞིག་གི་ཚོགས་མགོན་དུ་དབུ་བཞུགས་གནང་གི་ཡོད་འདུག་