༧གོང་ས་མཆོག་གིས་རྒྱུད་སྨད་གྲ་ཚང་དུ་ཆོས་འབྲེལ་བཀའ་སློབ།

༸གོང་ས་མཆོག་གིས་རྒྱུད་སྨད་གྲ་ཚང་དུ་རྗེ་རིན་པོ་ཆེའི་གསུང་ལུང་འདྲེན་མཛད་པ་དང་འབྲེལ་བཀའ་སློབ་སྩལ་ཡོད་པ་རེད།

2011.12.07

༄༅༎ཕྱི་ཟླ་བཅུ་གཉིས་པའི་ཚེས་༦ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གི་གཙུག་ལག་ཁང་ནང་དད་ལྡན་ཆོས་ཞུ་ཆིག་ཁྲི་བརྒལ་བར་་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔའི་འགྲེལ་པའི་ཆོས་འབྲེལ་མཇུག་བསྒྲིལ་གྲུབ་མཚམས་ མགོན་པོ་གང་ཉིད་ཀྱིས་རྗེ་རིན་པོ་ཆེའི་གསུང་ལུང་འདྲེན་མཛད་པ་དང་ འབྲེལ་བཀའ་སློབ་སྩལ་ཡོད་ཅིང་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་ནང་ དཔལ་གསང་བའི་འདུས་པའི་རྫོགས་རིམ་ནི་རྣམ་མཁྱེན་རྒྱལ་བའི་གོ་འཕང་བསྒྲུབ་རྒྱུའི་ལམ་མཐར་ཐུག་དེ་ཡིན་པ་དང་ ཆོས་གྲལ་དུ་བཞུགས་པ་རྣམས་ནས་བག་ཆགས་ཀྱི་ནུས་པ་ཆེན་པོ་འཇོག་ཐུབ་   ད་ལྟ་ང་ཚོས་འཆད་ཉན་བྱེད་བཞིན་པ་འདི་ནི་ དཔལ་གསང་བའི་འདུས་པའི་རྫོགས་རིམ་གྱི་ལམ་བསྟན་པའི་གཞུང་ཞིག་ཡིན་སྟབས་  འཆད་ཉན་བྱེད་ཐུབ་པ་དེ་ཧ་ཅང་གི་སྐལ་པ་བཟང་པོ་རེད་ 
མི་མང་ཚང་མས་དོན་དག་ཡོངས་སུ་རྫོགས་པ་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་ཀྱང་བག་ཆགས་ཤིག་འཇོག་རྒྱུ་ཡོང་གི་རེད་ཅེས་དང་ད་དུང་༧གོང་ས་མཆོག་ནས་ སངས་རྒྱས་ཀྱི་འགོ་འཕང་འཐོབ་རྒྱུར་གཙོ་བོ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་རྟེན་དགོས་ སྤྱི་ཡོངས་ནས་བོད་མི་རྣམས་ཀྱིས་སྨོན་ལམ་ཚུན་ཆད་འདོན་སྐབས་ཀྱང་མ་འགྱུར་སེམས་ཅན་ཐམས་ཅད་ཅེས་བརྗོད་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་བག་ཆགས་ཡོད་ནའང་ ཉམས་ལེན་ཞན་པོ་རེད་ དཔེར་ན་ ཁ་ནས་སེམས་ཅན་ཐབས་ཅད་བརྗོད་བཞིན་དུ་དོན་དམ་སེམས་ཅན་ལ་དམིགས་ནས་གནག་སེམས་དང་ གནོད་སེམས་ ཁོང་ཁྲོ་ འགྲན་སེམས་ཡང་གི་ཡོད་ལ་འཁྲུག་པ་རྒྱག་རྒྱུ་དང་ རྐུ་མ་བརྐུ་རྒྱུ་ དེ་བཞིན་ཧམ་པ་ཤོད་རྒྱུ་སོགས་གཞན་ལ་གནོད་པ་བྱེད་ཀྱི་ཡོད་པ་དེ་དག་ནི་རང་ཉིད་ཉམས་ལེན་གྱི་མ་འདང་བའི་སྐྱོན་ཡིན་ མདོར་ན་ ང་ཚོས་ཐེག་པ་ཆེན་པོའི་ཆོས་ཀྱི་བསླབ་བྱ་དེ་དག་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་སློབ་སྩལ་གནང་མཛད་འདུག ཉིན་ཕྱེད་ཡོལ་ནས་ ༧གོང་ས་མཆོག་གིས་གནས་དེར་རྟེན་གཞི་བྱས་པའི་རྫོང་དཀར་ཆོས་སྡེ་དང་ ཨོ་རྒྱན་བསམ་གཏན་གླིང་དགོན་པར་གནས་གཟིགས་མཛད་ཡོད་་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎