༸གོང་ས་མཆོག་གི་མཛད་འཕྲིན་ལ་བསྔགས་བརྗོད།

ཨ་ཡར་ལེནདྲ་ཆིབས་བསྒྱུར་བརྒྱུད་བོད་མི་ཚོ་རྒྱ་མིའི་དབང་བསྒྱུར་འོག་དཀའ་སྡུག་ཇི་ཙམ་མྱོང་བཞིན་ཡོད་མེད་སྐོར་མང་ཚོགས་ལ་དྲན་སྐུལ་ཐེབ།

2011.04.18

༄༅༎ཉེ་ལམ་ཟླ་བ་འདིའི་ཚེས་༡༢ནས་༡༤བར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་ཡར་ལེནདྲ་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་ལྟར། སྦེལ་ཕེསིཏ་ཀྲེ་ལི་གེརེཕ་གསར་ཤོག་ནང་ཨཡར་ལེནདྲ་གི་ཡུལ་མི་ཇོན་ཕིཛ་ཇེ་རེལདྲ་ཡིས་ ༧གོང་ས་མཆོག་ཁུལ་དེར་ཕེབས་པར་ཁོ་རང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་མ་ཟད། ད་རེས་ཀྱི་ཆིབས་བསྒྱུར་དེའི་བརྒྱུད་བོད་མི་ཚོ་རྒྱ་མིའི་དབང་བསྒྱུར་འོག་དཀའ་སྡུག་ཇི་ཙམ་མྱོང་བཞིན་ཡོད་མེད་སྐོར་མང་ཚོགས་ལ་དྲན་སྐུལ་ཐེབ་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

ཡང་ཇོན་ཕིཛ་ཇེ་རེལདྲ་ཡིས་ རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་ཏེ། ཞི་བདེར་དགའ་བའི་བོད་རྒྱལ་ཁབ་དེ་བཞིན་བཙན་བཟུང་དབང་བསྒྱུར་བྱས་ཡོད་པ་མ་ཚད། རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་མི་ས་ཡ་ཅིག་མིན་ཙམ་ཞིག་དམར་གསོད་བཏང་ཡོད་དུས། ཨ་ཡར་ལེནདྲ་གིས་རྒྱ་ནག་མཉམ་ཚོང་འབྲེལ་བྱ་སྐབས་བོད་ནང་གི་དངོས་ཡོད་གནས་སྟངས་མཐོང་བཞིན་དུ་མ་མཐོང་འདོག་བྱས་ན་འགྲིག་ཐབས་རྩ་བ་ནས་མེད་སྐོར་འགྲེལ་བརྗོད་གནང་བཞག། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་རྒྱ་མིའི་དབང་བསྒྱུར་འོག་ཚུད་པའི་བོད་རྒྱལ་ཁབ་ཀྱི་མི་མང་ལ་རེ་བ་དང་བློ་སྟོབས་སྤེལ་གནང་གི་ཡོད་སྟབས། ཐུགས་གཤིས་འཇམ་ཞིང་སྙིང་རྗེའི་རང་གཟུགས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ རྒྱ་དམར་བོད་ནས་མཐར་སྐྲོད་བཏང་བའི་ཉིན་མོ་དེ་མགྱོགས་ནས་མྱུར་དུ་གཟིགས་པའི་རེ་བ་ཞུ་གི་ཡོད་ལ། བོད་ལ་རང་བཙན་ངེས་པར་དུ་ཐོབ་དགོས་ཀྱི་རེད་ཅེས་ཨ་ཡར་ལེནདྲ་གི་ཡུལ་མི་ཇོན་ཕིཛ་ཇེ་རེལདྲ་ཡིས་ དབྱིན་ཡུལ་གྱི་གསར་ཤོག་སྦེལ་ཕེསིཏ་ཀྲེ་ལི་གེརེཕ་ནང་གནས་ཚུལ་བཏོན་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎