ཉི་ཧོང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།
2011.07.04
༄༅༎རེས་གཟའ་སྤེན་པའི་ཉིན་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་ས་གནས་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ཚེ་རིང་ལགས་གཙོས་པའི་ས་གནས་བོད་མི་དང་། ཡུལ་མི་བོད་དོན་རྒྱབ་སྐྱོར་བ་ཉིས་བརྒྱ་ཙམ་ཨོ་ཀུ་ར་མགྲོན་ཁང་དུ་འདུ་འཛོམས་ཀྱིས། ༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་འདུག། མཛད་སྒོའི་གསུང་བཤད་ནང་སྐུ་ཚབ་དོན་གཅོད་ཀྱིས་༧གོང་ས་མཆོག་གི་མཛད་འཕྲིན་ནི། བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཀུན་ལ་ཕན་བདེའི་འགྲུབ་པའི་མཛད་འཕྲིན་བཀྲིན་རྗེས་དྲན་དང་སྦྲགས་། མགོན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་དམངས་གཙོ་ཚད་ལྡན་བཟོས་གནང་ནས་ཆབ་སྲིད་ཀྱི་མཛད་འགན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོར་གནང་བར་བསྔགས་བརྗོད་དང་། དེ་འདྲའི་ཐོག་རྒྱ་ནག་ད་དུང་ཧ་ཅང་རྗེས་ལུས་ཐེབས་ཡོད་པའི་སྐོར་གཏམ་བཤད་གནང་འདུག། སྐུ་མགྲོན་གྲས་སུ་ ཉི་ཧོང་དམངས་གཙོ་ཚོགས་པའི་དབུ་ཁྲིད་དང་། ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ མ་ཀི་ནོ་ སེ་ཤུ་ཡིས། ༧གོང་ས་མཆོག་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གནང་རྗེས། རྒྱ་ནག་གི་དབུ་ཁྲིད་ཚོས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱ་རྒྱུ་ཚབ་ཏུ་དམངས་གཙོ་དང་འཆམ་མཐུན་གྱི་སྤྱི་ཚོགས་དགོས་ཀྱི་ཡོད་ན། ༧གོང་ས་མཆོག་ལ་དཔེ་བལྟ་དགོས་ཀྱི་རེད་ཅེས་གསུངས་གནང་འདུག།
ཡང་ཁོང་གིས་ང་ཚོའི་ཚོགས་པས་རྒྱ་ནག་དང་འབྲེལ་ལམ་གནང་འདོད་ཡོད་ཀྱང་བོད་མི་མང་གི་གཉིད་ལམ་དང་། ༧གོང་ས་མཆོག་གི་དགོངས་གཞི་འགྲུབ་པའི་ཆེད་དུ་ཧུར་བརྩོན་གནང་རྒྱུའི་ཁས་ལེན་གནང་འདུག། སྐུ་ཚབ་དོན་གཅོད་ལྷག་པ་ཚེ་རིང་ལགས་ཕྱི་ཉིན་ལྷོ་ཀོ་རི་ཡར་ཐོན་གནང་གིས་ཡུལ་དེར། ༧གོང་མཆོག་གི་འཁྲུངས་སྐོར་ཐོག་མ་དེ་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་གི་ཡོད་འདུག༎