རྒྱ་གར་དང་རྒྱ་ནག་བར་གྱི་ས་མཚམས་ཀྱི་དཀའ་རྙོག།

རྒྱ་གར་ཕྱོགས་ནས་རྒྱ་ནག་དང་རྒྱ་གར་བར་གྱི་ས་མཚམས་ཀྱི་རྩོད་རྙོག་དེ་ཞི་བའི་ཐོག་ནས་ཐག་གཅོད་ཡོང་ཐུབ་པ་རེ་བ་བྱེད་ཀྱི་ཡོད་པ་རེད་འདུག

2009.06.25

༄༅༎རྒྱ་གར་ཕྱོགས་ནས་རྒྱ་ནག་དང་རྒྱ་གར་བར་གྱི་སེལ་ཐབས་དཀའ་བའི་ས་མཚམས་ཀྱི་རྩོད་རྙོག་དེ་ཞི་བའི་ཐོག་ནས་ཐག་གཅོད་ཡོང་ཐུབ་པ་རེ་བ་བྱེད་ཀྱི་ཡོད་པ་རེད་འདུག

དེའང་ད་རེས་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ནས་གཏམ་བཤད་ཅིག་སྤེལ་ཏེ་རྒྱ་གར་ཕྱོགས་ནས་ད་བར་ཐག་གཅོད་ཐུབ་མེད་པའི་རྙོག་ཟིང་ཆེ་བའི་རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་ཀྱི་གནད་དོན་དེ་རྒྱ་ནག་དང་ལྷན་དུ་ཞི་བའི་ཐོག་ནས་ཐག་གཅོད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཅེས་རྒྱ་གར་གྱི་གཞུང་འབྲེལ་གསར་ལས་ཁང་ཞིག་གི་གསར་འགོད་པར་གསུངས་འདུག གཞན་ཡང་རྒྱ་གར་ཕྱོགས་ནས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་ཁ་གང་མ་གསུམ་ཁྲི་བརྒྱད་སྟོང་ལོན་པའི་རྒྱ་གར་གྱི་མངའ་འོག་ས་ཆ་རྒྱ་ནག་གཞུང་ནས་བཙན་བཟུང་བྱས་ཡོད་པར་བཤད་ཀྱི་ཡོད་པ་དང་ཆབས་ཅིག་རྒྱ་ནག་ཕྱོགས་ནས་ཀྱང་ད་ཆའི་རྒྱ་གར་མངའ་འོག་ཏུ་ཡོད་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་ཁ་གང་མ་ཁྲི་དགུའི་ས་ཆ་དང་ཡང་ན་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨ་རུ་ན་ཅལ་པཱར་རྡེཤ་ཀྱི་ས་ཁུལ་ཡོངས་རྫོགས་དེ་རྒྱ་ནག་གི་མངའ་ཁོངས་ས་ཆ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་རྒྱ་གར་དང་རྒྱ་ནག་གི་རྙོག་དྲ་ཡོད་པའི་ས་མཚམས་ཀྱི་གནད་དོན་དེའི་ཐོག་ནས་དེ་སྔ་སྤྱི་ལོ་༡༩༦༢ལོར་ཨེ་ཤེ་ཡའི་སྟོབས་ཆེའི་ཡུལ་གྲུ་དེ་གཉིས་དབར་དམག་འཁྲུག་ཆེན་པོ་བྱུང་ཡོད་ལ་མ་འོངས་པར་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དེ་གཉིས་དབར་དམག་འཁྲུག་གི་ཚབས་ཆེའི་གནས་ཚུལ་མི་ཡོང་བའི་ཆེད་དུ་ད་རེས་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཨེན་ཐོ་ནི་ནས་རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་དེ་གཉིས་ཕྱོགས་གཉིས་ཀར་རྒྱལ་སྤྱིའི་ལས་དོན་ཁྲོད་རང་རང་སོ་སོའི་ཤུགས་རྐྱེན་གོང་འཕེལ་གཏོང་རྒྱུའི་ཁོར་རྒྱ་ཆེན་པོ་ཞིག་ཡོད་པ་དང་ཡིན་ནའང་དེ་དང་དུས་མཚུངས་རྒྱ་གར་དང་རྒྱ་ནག་དབར་ལ་ས་མཚམས་ཀྱི་རྩོད་རྙོག་ཡང་ཡོད་པས་དེ་འདྲའི་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་དེ་ངེས་པར་དུ་ཞི་བའི་ཐབས་ལམ་གྱི་ཐོག་ནས་སེལ་ཐུབ་རྒྱུ་ཡིན་པར་རྒྱ་གར་ཕྱོགས་ནས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པར་ཡང་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎