ཨ་མི་རི་ཀས་བོད་མིར་རོཊ་དངུལ་ཨ་སྒོར་ས་ཡ་གསུམ་ལྷག་གནང་བ།


2014.11.21
ཨ་མི་རི་ཀས་བོད་མིར་རོཊ་དངུལ་ཨ་སྒོར་ས་ཡ་གསུམ་ལྷག་གནང་བར་ཐུགས་རྗེ་ཆེ་ཞུས་བའི་སྐབས། ༢༠༡༤།༡༡།༢༡ ཨ་མི་རི་ཀས་བོད་མིར་རོཊ་དངུལ་ཨ་སྒོར་ས་ཡ་གསུམ་ལྷག་གནང་བར་ཐུགས་རྗེ་ཆེ་ཞུས་བའི་སྐབས། ༢༠༡༤།༡༡།༢༡
བོད་མིའི་སྒྲིག་འཛུགས

ཨ་རིའི་གཞུང་གི་རོགས་རམ་ཐེབས་རྩ་ཁང་གིས་བོད་མིའི་སྤྱི་ཚོཊ་ལ་རོཊ་དངུལ་ཨ་སྒོར་ས་ཡ་གསུམ་དང་འབུམ་གཉིས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཕྱི་ཚེས་༢༡ཉིན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ལགས་ཀྱི་མཚན་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཨ་རིའི་རོགས་རམ་ཐེབས་རྩ་ཁང་USAIDཡིས་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་གསུམ་དང་འབུམ་གཉིས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་མ་ཟད། དེ་སྔ་ཡང་རྒྱ་གར་ནང་ཡོད་པའི་ཨ་རིའི་ཐེབས་རྩ་ཁང་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་མི་མནར་གཅོད་ཕོག་མཁན་རྣམས་ལ་ལྟ་རྟོག་གི་ཕྱི་ལོ་ཉིས་སྟོང་གཉིས་ནས་ཕྱི་ལོ་ཉིས་སྟོང་བཅུ་གསུམ་བར་གྱི་ལས་གཞིའི་ཆེད་རོགས་དངུལ་ཨ་སྒོར་འབུམ་བརྒྱད་མཐུན་འགྱུར་གནང་མྱོང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་རོགས་རམ་འདི་རིགས་ཐོབ་པ་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས་མགོན་པོ་གང་ཉིད་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། སྲིད་སྐྱོང་གིས་དབུས་པའི་བཀག་ཤག་ནས་ཀྱང་འབད་བརྩོན་བསྟུད་མར་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་གནང་བའི་ཁར་རོགས་དངུལ་ཐོབ་ཐབས་སུ་ཨ་རིའི་གཞུང་གི་བོད་དོན་འབྲེལ་འཐུད་སྐུ་ཚབ་དང་། དེ་བཞིན་དེའི་ཐོག་ཕྱག་རོགས་གནང་མཁན་གྱི་ཨ་རིའི་དཔོན་རིགས། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཡང་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག་ལ་    ཨ་རི་སྐུ་ཚབ་དོན་གཅོད་དང་། བོད་ཀྱི་ཐེབས་རྩ་འཕྲོད་བསྟེན་ལས་ཁང་གི་ལས་བྱེད་བཅས་ཀྱིས་ཀྱང་ལས་དོན་དེའི་ཐོག་ཕྱར་གྲུ་མཉམ་འདེགས་ཀྱི་འབད་རྩོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎