ཐའི་ལེནྜ་ནང་རྒྱལ་སྤྱིའི་གནམ་ཐང་སྒོ་རྒྱབ་དགོས་བྱུང་བ།

ཐའི་ལནྜའི་མི་མང་མང་གཙོ་ཚོཌ་པའི་ཚོཌ་མི་ཚོས་སྲིད་བློན་ལས་གནས་ནས་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་ཤུཌ་ཆེན་བྱས་པ།

2008.11.25

༄༅༎ཐའི་ལེནྜའི་རྒྱལ་ས་རྦེང་ཀོག་ནང་འདས་པའི་ཉི་མ་འགའ་ཤས་གོང་ནས་བཟུང་མི་མང་མང་གཙོ་ཚོགས་པའི་ཚོགས་མི་ཚོས་སྲིད་བློན་མཆོག་ལས་གནས་ནས་དགོངས་ཞུ་བྱ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དང་ཁ་ས་རེས་གཟའ་མིག་དམར་ཉིན་ངོ་རྒོལ་བ་མི་གྲངས་སྟོང་ཕྲག་འགའ་ཤས་ནས་རྒྱལ་ས་ནང་གི་རྒྱལ་སྤྱིའི་གནམ་ཐང་ཆེ་ཤོས་དེའི་ནང་ཉེན་རྟོག་པའི་སྲུང་སྐྱོབ་ཡོད་སའི་ས་ཁུལ་གང་སར་ངོ་རྒོལ་བྱས་པར་བརྟེན་ཁ་ས་གནས་སྐབས་རིང་གནམ་ཐང་སྒོ་རྒྱབ་དགོས་བྱུང་ཡོད་ལུགས་གནམ་ཐང་དེའི་འགན་འཛིན་གྱིས་འགྲེལ་བརྗོད་གནང་འདུག

དེའི་གོང་ངོ་རྒོལ་བྱེད་མཁན་ཚོ་དང་ཉེན་རྟོག་མི་སྣའི་བར་འཁོན་འཁྲུགས་འོག་མི་འགའ་ཤས་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་དང་མི་མང་མང་གཙོ་ཚོགས་པས་ད་ལྟའི་སྲིད་བློན་སོམ་ཅའེ་ནི་དེ་སྔ་ལྐོག་ས་རུལ་སུངས་ཀྱི་རྙོག་ཁྲའི་དབང་གིས་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་བའི་སྲིད་བློན་ཟུར་པ་ཐག་སིན་ཤི་ན་བ་ཏའི་མག་པ་ཡིན་པར་བརྟེན་ཁོ་པའི་གཞུང་འཛིན་ཡང་སྲིད་བློན་ཟུར་པ་ཐག་སིན་གྱི་ཤུགས་རྐྱེན་འོག་འགྲོ་གི་ཡོད་ལུགས་སྐྱོན་བརྗོད་བྱེད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ན་ཡང་སྲིད་བློན་སོམ་ཅའེའི་ངོས་ནས་དགོངས་ཞུ་བྱ་རྩིས་མེད་ཅེས་གསུངས་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎