འཛམ་གླིང་ནང་རིམས་ནད་ཨེཇ་༡ཨེན་༡ཁྱབ་གདལ་སྐོར།

ཕག་པའི་རིམས་ནད་ཁྱབ་གདལ་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས་ཨེ་ཤེ་ཡའི་ཡུལ་གྲུ་ཐའེ་ལེནདྲི་ནང་དུ་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་གི་ཡོད་པ།

༄༅༎བར་ལམ་འཛམ་གླིང་ནང་ཕག་པའི་རིམས་ནད་ཨེཇ་༡ཨེན༡ཁྱབ་གདལ་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས་ཨེ་ཤེ་ཡའི་ཡུལ་གྲུ་ཐའེ་ལེནདྲི་ནང་དུ་ནད་པའི་གྲངས་འབོར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད་པའི་གནས་ཚུལ་ཐོན་བཞག

དེ་ཡང་ཐའེ་ལེན་དི་ནང་དུ་ཕག་པའི་རིམས་ནད་ཨེཇ་༡ཨེན༡ཟེར་བ་དེ་ཁ་སྔོན་ཕྱི་ཟླ་བཞི་པའི་ནང་ཁྱབ་གདལ་ཕྱིན་པའི་གནས་ཚུལ་ཐོན་པ་དང་དེ་རིང་བསྐྱར་ཏུ་ནད་པ་གསར་པ་༡༤༦བྱུང་ཡོད་ཅིང་དེ་ནི་ཕྱི་ཟླ་བཞི་པ་ནས་དེ་རིང་བར་ཏུ་བྱུང་བའི་ནད་པའི་གྲངས་འབོར་ཁྱོན་གསུམ་སྟོང་བརྒྱ་མེད་བཅུ་བདུན་བྱུང་ཡོད་པ་མ་ཟད་ཕག་པའི་རིམས་ནད་དེའི་རྐྱེན་བྱས་ཏེ་ནད་པ་ཁྱོན་༡༤རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།

ཐའེ་ལེན་དྲི་གྱི་འཕྲོད་བསྟེན་ལྷན་ཁང་གི་སྙན་ཞིག་བཏོན་པའི་ནང་གོང་གསལ་ནད་པའི་གྲངས་འབོར་དེའི་ནང་ནས་ནད་པ་ཉིས་སྟོང་བདུན་བརྒྱ་སུམ་ཅུ་སོ་གསུམ་དྲག་སྐྱེས་བྱུང་བ་དང་ནད་པ་༢༡མུ་མཐུད་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་དང་ད་དུང་འཕྲོད་བསྟེན་དྲུང་ཆེ་གཟོན་པ་དང་འཕྲོད་བསྟེན་ལྷན་ཁང་གི་ཁྱབ་ཁོངས་ཀྱི་ཚན་པ་ཁག་གི་འགན་འཛིན་ཡོངས་རྫོགས་ཕག་པའི་རིམས་ནད་དེའི་གནས་སྟངས་རྟོགས་ཞིབ་གནང་བར་ས་གནས་ཁག་ཏུ་འཚམས་འདྲིར་ཕེབས་རྒྱུ་དང་ནད་པ་ཁག་ལ་གཟིགས་ཞིབ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org