ཐའེ་ལེན་ཌིའི་སྲིད་བློན་མཆོག་ནས་དགོངས་ཞུ་གནང་རྩིས་མེད་པ།

ཐའེ་ལེན་ཌིའི་སྲིད་བློན་དགོངས་ཞུ་བྱ་དགོས་པར་མི་མང་གི་ངོ་རྒོལ་དང་དགོས་འདུན་ཤུགས་ཆེ་ཡོད་ནའང་སྲིད་བློན་ནས་དགོངས་ཞུ་གནང་རྩིས་མེད་པ།

2008.10.17

༄༅༎ཐའེ་ལེན་ཌིའི་སྲིད་བློན་སོམ་ཆའེ་ལྦོང་ས་ལྦཏེ་སྲིད་བློན་གྱི་ལས་འགན་ནས་དགོངས་ཞུ་བྱ་དགོས་པར་མི་མང་གི་ངོ་རྒོལ་དང་དགོས་འདུན་ཤུགས་ཆེ་ཡོད་ནའང་སྲིད་བློན་མཆོག་ནས་ཁོང་དགོངས་ཞུ་གནང་རྩིས་མེད་པའི་སྐོར་གསུངས་འདུག

བདུན་ཕྲག་མང་པོའི་རིང་ཐའེ་ལེན་ཌིའི་རྒྱལ་ས་སྦེང་ཀོག་ལ་མི་མང་མནའ་འབྲེལ་དམངས་གཙོ་ཚོགས་པ་ཞེས་པའི་སྒྲིགས་འཛུགས་ཀྱི་སྣེ་འཁྲིད་འོག་ཉིན་ལྟར་མི་མང་སྟོང་ཚོ་མང་པོས་ཐའེ་ལེན་ཌིའི་གྲོས་ཚོགས་དང་སྲིད་བློན་གྱི་ལས་ཁུངས་མདུན་དུ་ངོ་རྒོལ་གྱི་འདུ་འཛོམས་བྱས་པ་བརྒྱུད་ད་ལྟའི་སྲིད་བློན་སོམ་ཆའེ་ལྦོང་ས་ལྦཏེ་ཡིས་དེ་སྔོན་ཕྱིར་འབུད་བྱས་པའི་སྲིད་བློན་ཟུར་པ་ཐཀ་སིན་ཤི་ན་ལྦ་ཏྲ་དང་ལག་འབྲེལ་གྱི་རྒྱལ་ཁབ་འཛིན་སྐྱོང་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཏེ་ཁོང་སྲིད་བློན་གྱི་ལས་འགན་ནས་དགོངས་ཞུ་བྱ་དགོས་པའི་གནོན་ཤུགས་བསྟུད་མར་སྤྲོད་བཞིན་ཡོད་པ་རེད་

བདུན་ཕྲག་སྔོན་མ་ཁྲོམ་གཞུང་ཐོག་མང་ཚོགས་ཀྱི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་སྐབས་ཉེན་རྟོག་མི་སྣ་དང་ངོ་རྒོལ་བའི་དབར་འཐབ་རྒོལ་གྱི་དོན་རྐྱེན་ནང་ངོ་རྒོལ་བ་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ད་རེས་རེས་གཟའ་པ་སངས་ཉིན་སླར་ཡང་མི་མང་སྟོང་ཕྲག་ལྔ་ལྷག་ནས་རྒྱལ་ས་སྦེང་ཀོག་གི་ཁྲོམ་གཞུང་གི་གཞུང་ལམ་བཀག་འགོག་གི་ལས་འགུལ་སྤེལ་བ་དང་ཕྱི་སྐྱོན་དུ་སོང་བས་ངོ་རྒོལ་བ་གཉིས་ཀྱི་ཚེ་སྲོག་གི་འགན་འཁྲི་དེ་སྲིད་བློན་མཆོག་ལ་ཡོད་པ་དང་དེ་དོན་ཁོང་ལས་འགན་ནས་ལམ་སེང་དགོངས་ཞུ་བྱ་དགོས་པའི་དགོས་འདུན་ནན་བརྗོད་བྱས་ཡོད་པ་རེད་

ཡིན་ཡང་སྲིད་བློན་སོམ་ཆའེ་ལྦོང་ས་ལྦཏེ་ཡིས་རེས་གཟའ་པ་སངས་ཉིན་བློ་བུར་དུ་གཞུང་འཛིན་མནའ་འབྲེལ་ཚོགས་པའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ་ཚོགས་འདུ་དེའི་ཐོག་རིང་མིན་ལྷོ་ཨེ་ཤེ་ཡའི་ཡུལ་ཁག་མཐུན་ཚོགས་ཀྱི་ལྷན་ཚོགས་གྲ་སྒྲིགས་ཀྱི་ལས་དོན་དང་ཐའེ་ལེན་ཌིའི་རྒྱལ་པོ་མཆོག་གི་སྐུའི་འཁྲུངས་ཚེས་སྲུང་བརྩི་ཞུ་རྒྱུའི་ལས་འཆར་གྱི་གྲ་སྒྲིགས་ལ་སོགས་པའི་གཞུང་འཛིན་སྐྱོང་དང་འབྲེལ་བའི་འགན་ཁུར་ཇེ་མང་ལ་བརྟེན་ཁོང་སྲིད་བློན་གྱི་ལས་འགན་ནས་དགོངས་ཞུ་བྱ་ཐབས་བྲལ་བའི་སྐོར་གསལ་བསྒྲགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎