རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་སློབ་མའི་ཡིག་རྒྱུགས།

རྡ་རམ་ས་ལའི་ཉེ་འཁོར་དུ་ཡོད་པའི་གོ་པཱལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་ཕྲུག་ཚོ་ཡིག་རྒྱུགས་བརྒྱ་ཆ་བརྒྱ་ནས་བརྒྱ་ལོན་འདུག

༄༅༎རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གཏོང་མཁན་བོད་པའི་སློབ་གྲྭ་ཁག་བཅུ་བཞི་ཡོད་པའི་ནང་ནས་རྡ་རམ་ས་ལའི་ཉེ་འཁོར་དུ་ཡོད་པའི་གོ་པཱལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་ཕྲུག་ཚོ་ཡིག་རྒྱུགས་བརྒྱ་ཆ་བརྒྱ་ནས་བརྒྱ་ལོན་སྟེ་ཨང་དང་པོར་སླེབས་ཡོད་འདུག

འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་ཁྱོན་བསྡོམས་བོད་རིགས་སློབ་ཕྲུག་གྲངས་༡༢༤༡མཉམ་ཞུགས་བྱས་པའི་ཁོངས་ནས་སློབ་ཕྲུག་གྲངས་༡༡༥༤ཡིག་རྒྱུགས་འཕྲོད་ཡོད་པ་དང་བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པ་གྲངས་༧༧རྒྱུགས་མ་འཕྲོད་པ་གྲངས་བཅུ་བྱུང་ཡོད་འདུག

སྤྱིར་བཏང་འདི་ལོ་རྒྱ་གར་རྒྱལ་ཡོངས་ཀྱི་ནང་འཛིན་རིམ་བཅིུས་པའི་སློབ་ཕྲུག་ཡིག་རྒྱུགས་འཕྲོད་མཁན་བརྒྱ་ཆ་༨༡བྱུང་ཡོད་པ་དང་བོད་པའི་སློབ་གྲྭ་ཁག་གི་འདི་ལོའི་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཚད་བརྒྱ་ཆ་༩༢དང་ཚག་༩༩ཟིན་ཡོད་འདུག་ཅིང་འདི་ནི་སྔ་ལོ་དང་བསྡུར་ན་བརྒྱ་ཆ་གསུམ་དང་ཚག་ཉི་ཤུ་རྩ་ལྔ་མང་བ་ཡིན་འདུག

འཛིན་རིམ་བཅིུས་པའི་ཡིག་རྒྱུགས་རྩེ་ཕུད་ཨང་གཉིས་པ་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་ཁྱིམ་སློབ་གྲྭ་ཡིན་པ་དང་སློབ་ཕྲུག་བརྒྱ་ཆ་༩༦དང་ཚག་ཉི་ཤུ་རྩ་གཉིས་ཀྱི་ཡིག་རྒྱུགས་ལོན་ཡོད་ཅིང་ཨང་གསུམ་པ་རྡོར་གླིང་གཏན་སློབ་དང་ཨང་བཞི་པ་ཀ་སྦུག་གཏན་སློབ།ཨང་ལྔ་པ་ཌལ་ཧོར་གཏན་སློབ་བཅས་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org