རྒྱ་ནག་གིས་བཙུན་མ་ཚོར་ལྷམ་སྤྲད་ནས་འགུག་ཐབས་བྱས་འདུག


2015.03.10
དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་ཚོས་ལྷམ་གང་སར་གཡུག་པ། ༢༠༡༥།༡༠།༩ དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་ཚོས་ལྷམ་གང་སར་གཡུག་པ། ༢༠༡༥།༡༠།༩
བོད་འབྱོར།

རྟའུ་བྲག་དཀར་དགའ་ལྡན་ཆོས་གླིང་བཙུན་དགོན་དུ་ཨ་ནེ་ཚོས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ལྟར་ན། གསུམ་བཅུའི་དུས་དྲན་གྱི་སྔ་ཉིན་སྟེ་ཕྱི་ཟླ་༣པའི་ཚེས་༩ཉིན་རྟའུ་བྲག་དཀར་དགའ་ལྡན་ཆོས་གླིང་བཙུན་མའི་དགོན་པར་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་སླེབས་ནས། བཙུན་མ་ཚོས་རྒྱ་ནག་གཞུང་ལ་དགའ་ཞེན་བྱེད་དགོས་ཚུལ་དང་། ལྷག་པར་དུ་གསུམ་བཅུའི་དུས་དྲན་ཉིན་ཟིང་ཆ་སློང་མི་རུང་བའི་བཀོད་འདོམས་བྱས་ཡོད་པ་མ་ཟད། ད་དུང་བཙུན་མ་ཚོར་ལྷམ་ཆ་རེ་སྤྲད་པ་དང་བཅས་སྐད་ཆ་སྙན་པོ་བཤད་དེ་བཙུན་པ་རྣམས་ཀྱི་སེམས་འགུག་ཐབས་བྱས་ཡོད་ཀྱང་། སྐབས་དེར་བཙན་མ་ཚོས། ང་ཚོ་ལ་རང་དབང་མེད་པའི་སྡུག་བསྔལ་ཡོད་པ་མ་གཏོགས། ལྷམ་གྱོན་རྒྱུ་མེད་པའི་སྡུག་བསྔལ་གང་ཡང་མེད་ཅེས་བཤད་དེ་ལྷམ་ཡོངས་རྫོགས་དགོན་པའི་ཕྱི་རོལ་དུ་གང་སར་གཡུག་ནས་རྒྱ་ནག་གཞུང་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེར་བསྟན་འདུག
༢༠༡༡ལོའི་ཕྱི་ཟླ་༡༡ཚེས་༣ཉིན་བཙུན་དགོན་འདིའི་རང་ལོ་༣༥ཡིན་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས། བོད་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་གྲོངས་པའི་གནས་ཚུལ་བྱུང་རྗེས། རྒྱ་ནག་གཞུང་གིས་བཙུན་དགོན་འདིར་དམ་དྲག་ཤུཊ་ཆེར་བྱས་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ་དང་རྡོ་རྗེ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎