བཀྲིས་རྣམ་རྒྱལ་ལགས་སུ་གཟེངས་ཐོན་གྱི་ཞབས་ཞུར་བྱ་དགའ་ཐོབ་པ།
2023.11.25
ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་། བཞུགས་སྒར་རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན་པ་སྐུ་ཞོག་བཀྲིས་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་སྤི་ཏི་ཁུལ་གྱི་བུ་ཕྲུག་སྤྱི་དང་ལྷག་དོན་དུ་བུ་ཕྲུག་ཉམས་ཐག་རྣམས་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཕྱིར་སློབ་གྲྭ་གསར་འཛུགས་གནང་སྟེ་གཟེངས་སུ་ཐོན་པའི་ཞབས་ཞུ་གྲུབ་དང་འགྲུབ་བཞིན་ཡོད་སྟབས་་ཁོང་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་གཟེངས་རྟགས་བྱ་དགའ་འབུལ་ལམ་ཞུས་པ་དང་འབྲེལ་ཡོད་སྐོར་ཁོང་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།