བཀྲ་ཤིས་དོན་གྲུབ་ལགས་སུ་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ལ་སྤྱི་སྐབས་ ༢༣ པའི་འོས་བསྡུའི་རྒྱལ་ཁ་ཐོབ་འདུག

2024.12.18
བཀྲ་ཤིས་དོན་གྲུབ་ལགས་སུ་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ལ་སྤྱི་སྐབས་ ༢༣ པའི་འོས་བསྡུའི་རྒྱལ་ཁ་ཐོབ་འདུག བཀྲ་ཤིས་དོན་གྲུབ། ཟླ་ཚེས་མི་གསལ།
Tashi Dhondup

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༥ ཉིན་འགོ་འཛུགས་ཞུས་པའི་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་སྐབས་ ༢༣ པའི་དངོས་གཞིའི་འོས་བསྡུ་དེ་བཞིན། འདི་ཚེས་ ༡༧ ཉིན་མཇུག་སྒྲིལ་གྱིས་ས་གནས་འོས་བསྡུ་ལྷན་ཁང་གིས་གྲུབ་འབྲས་ཕྱིར་བསྒྲགས་གནང་བའི་ནང་། ལ་དྭགས་ས་གནས་སུ་ཁྱོན་འོས་འཕེན་པ་གྲངས་ ༡༧༦༦ བྱུང་ཡོད་པ་ལས། བཀྲ་ཤིས་དོན་གྲུབ་ལགས་ལ་འོས་གྲངས་ ༩༡༢ དང་། དོན་གྲུབ་ཚེ་རིང་ལགས་ལ་འོས་གྲངས་ ༨༤༥ ཐོབ་སྟེ་བཀྲིས་དོན་གྲུབ་ལགས་སུ་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ལ་སྤྱི་སྐབས་ ༢༣ པའི་འོས་བསྡུའི་རྒྱལ་ཁ་ཐོབ་འདུག འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཁོང་ལ་ཚོར་བ་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་དགའ་སྤྲོ་དང་བཅས། རང་ངོས་ནས་བརྒྱ་ཆ་ ༡༠༠ ཐམ་པ་གང་ཐུབ་གནང་རྒྱུ་ཡིན་ཞིང་། ཡོང་རྒྱུའི་ལས་ཡུན་ལོ་གསུམ་ནང་། ས་གནས་ཁག་གི་དཀའ་ངལ་རྣམས་དངོས་སུ་སེལ་ཐབས་ལ་འབད་རྒྱུ་དང་། ལྷག་པར་གཞིས་ཆགས་སྲ་བརྟན་དང་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་བསྟུན་ནས་ཕྱག་ལས་གནང་ཐུབ་གནང་རྒྱུ་ཡིན་ཞེས་གསུངས་བྱུང་།

བཀྲིས་དོན་གྲུབ་ལགས་ནི་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚར་ལོངས་བྱུང་ཞིང་། ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་ཀྱི་སློབ་གྲྭར་འགྲིམས་ཡོད་ཅིང་། ཐེངས་འདིར་རང་ལོ་ ༣༠ ཡིན་པའི་བཀྲ་ཤིས་དོན་གྲུབ་ལགས་ས་གནས་གཞིས་ཆགས་ཀྱི་ལ་སྤྱིར་འཁོད་རྒྱུ་ཡིན་པ་ནི་ལོ་རྒྱུས་ནང་ལོ་ན་ཆུང་ཤོས་དེ་ཆགས་ཀྱི་ཡོད་པ་རེད་འདུག་ལ། འདས་པའི་ལོ་དྲུག་རིང་ཁོང་ནས་ལ་སྤྱི་གཉིས་དང་ལྷན་དུ་འཆར་འགོད་ཀྱི་འགན་འཁུར་བའི་ཕྱག་ལས་གནང་བའི་ཉམས་མྱོང་ཡོད་མཁན་ཞིག་ཀྱང་ཡིན་པ་རེད་འདུག

རྩ་བའི་ལ་དྭགས་བསོད་ནམས་གླིང་བོད་མའི་གཞིས་ཆགས་ནི། བཙན་བྱོལ་ནང་གི་བོད་མིའི་གཞིས་ཆགས་ཆེ་གྲས་ཤིག་ཆགས་ཀྱི་ཡོད་ལ། ས་གནས་སུ་བོད་མིའི་སྒྲིག་འཛུགས་ནས་ཐད་ཀར་བསྐོ་གཞག་མ་ཡིན་པར་ས་གནས་གཞིས་མི་རྣམས་ནས་འོས་ཤོག་འཕེན་པའི་བརྒྱུད་འགོ་གཙོ་བསྐོ་གཞག་གནང་རྒྱུའི་ལམ་ལུགས་ལག་བསྟར་གནང་མཁན་ཞིག་ཀྱང་ཡིན་པ་རེད།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎