དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཅེ་ཡིས་སྤྲུལ་སྐུའི་ཡང་སྲིད་དང་ལོ་རྒྱུས་ཀྱི་ངེས་སྲོལ་སྟངས་འཛིན་བྱེད་དགོས་ཟེར།


2020.01.03
བོད་རང་སྐྱོང་ལྗོངས་ཞེས་བའི་དམར་ཕྱོགས་དྲུང་ཆེ་ཝུའུ་དབྱིང་ཅེ། ༢༠༡༩།༡༢།༣༡ བོད་རང་སྐྱོང་ལྗོངས་ཞེས་བའི་དམར་ཕྱོགས་དྲུང་ཆེ་ཝུའུ་དབྱིང་ཅེ། ༢༠༡༩།༡༢།༣༡
tb.tibet.cn

རྒྱལ་སྤྱིའི་ནང་༧གོང་ས་མཆོག་གི་ཡང་སྲིད་ལ་དོ་སྣང་བྱེད་བཞིན་པའི་སྐབས་བོད་རང་སྐྱོང་ལྗོངས་ཞེས་བའི་དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཅེ་ཡིས་སྤྲུལ་སྐུའི་ཡང་སྲིད་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་སྟངས་འཛིན་ཡང་དག་བྱེད་དགོས་པ་བརྗོད་འདུག
གཡུང་དྲུང་བོན་དང་བཅས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་། ཨ་རི་གཙོས་པའི་སྲིད་གཞུང་ཁག་གིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་མི་ཆོག་པའི་གསལ་བསྒྲགས་དང་། གྲོས་ཆོད་རིམ་པར་བཞག་ཡོད་པའི་སྐབས་འདིར། བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེ་ཝུའུ་དབྱིང་ཅེ་ཡིས་ཁ་བྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་བ། ཏཱ་ལའི་སྐྱེས་ཕྲེང་བཅུ་བཞི་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་དང་། སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་སྟངས་འཛིན་བྱེད་དགོས་ཚུལ་༢༠༡༩་ལོའི་ཟླ་༡༢་བའི་ཚེས་༣༡་ཉིན་ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”པའི་སློབ་གསོ་ལག་ལེན་བྱེད་སྒོའི་སློབ་སྦྱོང་སྤེལ་རེས་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་སྐབས་བརྗོད་པ་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་བས་གནས་ཚུལ་སྤེལ་འདུག
ཡང་གནས་ཚུལ་ནང་བཀོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཞེས་བའི་དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཅེ་ཡིས། སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་སྟངས་འཛིན་ཡང་དག་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། རང་གནས་སའི་ཁོངས་གཏོགས་ཀྱི་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་རང་རྟོགས་ངང་འཁུར་བ་སོགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་ཚོར་བརྗོད་ཡོད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཨ་རིའི་གཞུང་དང་གྲོས་ཚོགས། དེ་བཞིན་ཡོ་རོབ་གྲོས་ཚོགས་སོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་སེམ་བྷུ་རོན་སྦེཀ་མཆོག་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་ལ་ཐོབ་ཐང་དང་དབང་ཚད་གང་ཡང་མེད་པ་གསུངས་པར་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་གནད་དོན་འདིའི་ཐད་གྲོས་ཆོད་ཅིག་ཀྱང་འཇོག་གནང་དགོས་པའི་དགོངས་ཚུལ་བཏོན་གནང་ཡོད་པ་རེད།
༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དེ་རྒྱ་ནག་ལས་ཁ་བྲལ་མ་ཡིན་པར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་ལ་རང་སྐྱོང་གི་གནས་བབ་ཞིག་བརྩོན་ལེན་བྱེད་བཞིན་ཡོད་པ་ནའང་། བོད་རང་སྐྱོང་ལྗོངས་ཞེས་བའི་དམར་ཕྱོགས་དྲུང་ཆེ་ཝུའུ་དབྱིང་ཅེས་ཀྱིས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་བ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས་པ་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ཚོགས་འདུའི་སྟེང་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎