རག་སྡིས་ནི་གུང་ཁྲན་ཏང་གི་བཀའ་བཞིན་སྒྲུབ་མཁན་ཡིན་ཙང་གཟེངས་རྟཊ་སྤྲད་པ་རེད་ཟེར།


2019.09.19
རག་སྡིས། རག་སྡིས།
པར་རྙིང་པར་ཚགས།

རྒྱ་ནག་གཞུང་གིས་རག་སྡིས་ལ་མི་རིགས་མཐུན་སྒྲིལ་གྱི་གཟེངས་རྟགས་སྤྲད་ཡོད་པ་ནི་གུང་ཁྲན་ཏང་གིས་ཅི་གསུང་བཀའ་བཞིན་སྒྲུབ་མཁན་ཞིག་ལ་གཟེངས་རྟགས་སྤྲད་པར་བོད་གནས་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
འདི་ཚེས་༡༧་ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་། གཟི་བརྗིད་མཚན་སྙན་གཟེངས་རྟགས་ཞེས་པ་ཞིག་གསར་གཏོད་བྱས་ནས། དེའི་ཁོངས་སུ་བོད་རིགས་རག་སྡིས་ལ་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང་གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྤྲད་པ། ཞེས་པའི་གཟེངས་རྟགས་སྤྲད་ཡོད་པ་རེད།
རྒྱ་ནག་ནང་མི་རིགས་འདྲ་མིན་མང་པོ་ཡོད་ནའང་། ད་ཐེངས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང་གི་གཟེངས་རྟགས་ཐོབ་མཁན་བོད་རིགས་མགོ་ཁྲིད་རག་སྡིས་གཅིག་པོ་ཡིན་འདུག
འདིའི་ཐད་བོད་རྒྱའི་གནད་དོན་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། རག་སྡིས་ནི་ཆུང་དུས་ནས་གུང་ཁྲན་ཏང་གི་ཁ་ལ་ཉན་མཁན་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་སུ་འགོ་ཁྲིད་ཡིན་སྐབས་བོད་མི་མང་ཤོས་རག་སྡིས་ལ་དགའ་བོ་མེད་ལ། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང་གི་གཟེངས་རྟགས་རག་སྡིས་ལ་སྤྲད་པ་ནི། གུང་ཁྲན་ཏང་གིས་ཅི་གསུང་བཀའ་བཞིན་སྒྲུབ་མཁན་ཞིག་ལ་གཟེངས་རྟགས་སྤྲད་པ་གསལ་བོ་རེད་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རག་སྡིས་ནི། སྤྱི་ལོ༡༩༣༨་ལོར་འབྲི་རུ་རྫོང་དུ་སྐྱེས། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པར་བློ་དཀར་སེམས་དཀར་ངང་ལས་ཀ་བསྒྲུབས་པ་སོགས་ཀྱི་མིང་ཐོག་ནས་གོ་གནས་ཤུགས་ཆེན་སྤར་ཏེ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་གཞོན་པ་སོགས་གནང་མྱོང་ཡོད་ལ། ཁོང་མགོ་ཁྲིད་ཡིན་པའི་སྐབས་བོད་ནང་དགོན་པ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་ནས་དམ་དྲག་ཆེན་པོ་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎