སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཊ་ཁ་སོའུ་གཟེངས་རྟགས་འབུལ་འདུག
2017.10.04

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཉི་ཧོང་གི་(Takasu)ཐེབས་རྩ་ཁང་ཞིག་གིས་༢༠༡༧་ལོའི་ཊ་ཁ་སོའུ་(Takasu)་གཟེངས་རྟགས་འབུལ་འདུག
དེ་ཡང་ཕྱི་ཟླ་༡༠་ཚེས་༤་ཉིན་ཉི་ཧོང་གི་(Takasu)་ཐེབས་རྩ་ཁང་གིས་བོད་མིའི་རྩ་དོན་འཐབ་རྩོད་དང་ཤེས་ཡོན་ལ་རྒྱབ་སྐྱོར་མཚོན་ཆེད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཕྱི་ལོ་༢༠༡༧་ལོའི་(takasu)་གཟེངས་རྟགས་འབུལ་ཡོད་པ་དང་། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཟེངས་རྟགས་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ལས་བྱེད་རྣམས་ནས་འཆར་གྲུ་མཉམ་འདེགས་གནང་བའི་འབྲས་བུ་ཞིག་ཡིན་སྐོར་གསུངས་བཤད་གནང་འདུག
ཕྱི་ལོ་༢༠༡༧་ལོའི་(Takasu)་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་བཞིན་བཀའ་དྲུང་ཡིག་ཚང་ནས་གོ་སྒྲིག་གནང་རོགས་ཞེས་(Takasu)་ཐེབས་རྩ་ཁང་གིས་རེ་སྐུལ་ཞུས་པ་བཞིན་གོ་སྒྲིག་གནང་ཡོད་ཀྱང་མཛད་སྒོའི་འགྲོ་སོང་སོགས་ཆ་ཚང་(Takasu)་ཐེབས་རྩ་ཁང་གིས་བཏང་ཡོད་འདུག
(Takasu)་ཐེབས་རྩ་ཁང་གིས་ད་བར་བོད་ཕྲུག་མང་པོར་སློབ་ཡོན་གནང་ཡོད་པ་དང་། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་གྲུབ་རྗེས་ཐེབས་རྩ་ཁང་དེས་བོད་ཕྲུག་གསུམ་ལ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་སྨན་པའི་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་གནང་རྒྱུའི་ཞལ་བཞེས་གནང་བའི་ཐད་ཤེས་རིག་ལྷན་ཁང་དང་ལྷན་དུ་གྲོས་མོལ་གནང་རྒྱུ་ཡིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།