ཐའེ་ལྦན་སྲིད་འཛིན་ནས་འོས་བསྡུའི་ཕམ་ཉེས་ཐོག་དགོངས་སེལ།

སྲིད་འཛིན་མཱ་དབྱིང་ཅོ་ཡིས་ཚོགས་པའི་རྒྱབ་སྐྱོར་ཚོགས་མི་ཚོར་འོས་བསྡུའི་གྲུབ་འབྲས་ཡག་པོ་མ་བྱུང་བའི་ཐད་དགོངས་སེལ་ཞུས་ཡོད་པ།

2010.02.28

༄༅༎ཐའེ་ལྦན་ནང་སྲིད་འཛིན་མཱ་དབྱིང་ཅོ་ཡི་འགོ་ཁྲིད་པའི་གོ་མིན་ཏང་ཚོགས་པར་ད་རེས་ཐའེ་ལྦན་གྱི་རྫོངས་ཁག་ཅིག་གི་འཐུས་མི་འོས་འདེམས་ཀྱི་འོས་བསྡུའི་ནང་ཕམ་ཉེས་གང་ཆེ་བྱུང་བའི་རྗེས་དེ་རིང་སྲིད་འཛིན་མཱ་དབྱིང་ཅོ་ཡིས་ཚོགས་པའི་རྒྱབ་སྐྱོར་ཚོགས་མི་ཚོར་འོས་བསྡུའི་གྲུབ་འབྲས་ཡག་པོ་མ་བྱུང་བའི་ཐད་དགོངས་སེལ་ཞུས་ཡོད་པ་དང་ ཁོང་གིས་མང་ཚོགས་ནས་ཚོགས་པར་རྒྱབ་སྐྱོར་གྱི་གནས་སྟངས་བཟང་དུ་འགྲོ་ཐབས་ལ་ནུས་ཤུགས་འཕར་མ་འདོན་གྱི་ཡིན་ཞེས་གསུངས་ཡོད་འདུག

ཐའེ་ལྦན་ནང་ད་རེས་རྫོང་ཁག་བཞིའི་འོས་མི་འོས་འདེམས་ཀྱི་དམིགས་བསལ་གྱི་འོས་བསྡུ་ཞིག་གོ་སྒྲིག་ཞུ་དགོས་འགྱུར་བའི་ནང་སྲིད་འཛིན་མཱ་དབྱིང་ཅོའི་གོ་མིན་ཏང་གི་ཚོགས་པར་རྫོང་གཅིག་གི་འཐུས་མིའི་འོས་བསྡུ་ལས་ཐོབ་མེད་པར་གཞན་གསུམ་པོ་ཕྱོགས་འགལ་དམངས་གཙོ་ཚོགས་པར་ཤོར་ཡོད་པ་རེད་

ཐའེ་ལྦན་གྱི་United Daily Newsཞེས་རྒྱ་ཡིག་ནང་འདོན་སྤེལ་གནང་བཞིན་པའི་གསར་ཤོག་གིས་ད་རེས་གོ་མིན་ཏང་ཚོགས་པར་འོས་བསྡུའི་ཕམ་ཉེས་བྱུང་བ་དེ་སྔར་ལོའི་ཕྱི་ཟླ་༩ནས་འོས་བསྡུ་རིམ་པ་ཁག་ཅིག་ནང་ཕམ་ཉེས་བྱུང་བ་ཐེངས་བཞི་པ་དེ་ཡིན་པ་དང་ དེ་ནི་མང་ཚོགས་ཀྱིས་སྲིད་འཛིན་མཱ་དབྱིང་ཅོ་ཕྱག་ལས་གནང་ཕྱོགས་ལ་འདོད་བློ་མི་ཁེངས་པའི་རྣམ་འགྱུར་གསལ་པོ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་དང་ ཡིན་ནའི་ཐའེ་ལྦན་གྱི་Liberty Timesའམ་རང་དབང་གི་དུས་བབས་ཞེས་པའི་གསར་ཤོག་གིས་གོ་མིན་ཏང་གི་ཚོགས་པར་འོས་བསྡུ་རིམ་པ་ཁག་ནང་གཅིག་རྗེས་གཉིས་མཇུག་གི་ཕམ་ཉེས་ཡོང་བཞིན་པ་དེ་ གཙོ་བོ་མང་ཚོགས་ཀྱིས་སྲིད་འཛིན་མཱ་དབྱིང་ཅོས་ རྒྱ་ནག་གི་ལྷན་འབྲེལ་ཐག་ཉེ་པོ་བྱ་རྒྱུའི་སྲིད་བྱུས་སྐྱོང་བཞིན་པ་དེར་བློ་བདེ་པོ་བྱེད་ཀྱི་མེད་པའི་རྣམ་འགྱུར་གསལ་སྟོན་ཞིག་ཡིན་པ་དང་ གལ་ཏེ་སྲིད་འཛིན་མཱ་དབྱིང་ཅོ་གཞུང་གིས་མུ་མཐུད་མང་ཚོགས་ཀྱི་འདོད་ཚུལ་ལ་བརྩིས་མེད་བཏང་བ་ཡིན་ན་ ཕྱི་ལོ་༢༠༡༢ཀྱི་སྲིད་འཛིན་གྱི་འོས་བསྡུ་གཙོས་མ་འོངས་འོས་བསྡུའི་ལས་འཆར་གང་ཡོད་ནང་མི་མང་མང་ཚོགས་འཕྲོད་གོ་མིན་ཏང་གི་ཚོགས་པར་རྒྱབ་སྐྱོར་བྱ་མཁན་དེ་ཇེ་ཉུང་དུ་འགྲོ་ཡི་རེད་ཅེས་བཀོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎