ཐའེ་ལྦན་གྱིས་མེ་ཤུགས་འཕུལ་མདེལ་བཟོ་བསྐྲུན།

རྒྱ་ནག་སྐམ་ས་ཆེན་པོའི་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་འབྱུང་ཚེ་ཐའེ་ལྦན་རང་ཉིད་ཀྱིས་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་བྱ་རྒྱུ།

2011.09.06

༄༅༎རྒྱ་ནག་སྐམ་ས་ཆེན་པོའི་མེ་ཤུགས་འཕུར་མདེལ་གྱིས་ཐའེ་ལྦན་ལ་གཏོར་རྒོལ་འབྱུང་ཚེ་ ཐའེ་ལྦན་གྱིས་རྒྱ་ནག་གི་མཁའ་དམག་རྟེན་གཞི་ཁག་ལ་ཕར་རྒོལ་བྱེད་ནུས་པའི་ཐའེ་ལྦན་རང་ཉིད་ཀྱི་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་བྱ་རྒྱུ་ཡིན་པ་ཐའེ་ལྦན་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་གསུངས་འདུག།

གྲོས་ཚོགས་ཀྱི་འཐུས་མི་ ལིན་ ཡུ་ཕང་ནི་ ཐའེ་ལྦན་བདེ་སྲུང་གི་གནད་དོན་ཐོག་གི་མཁས་པ་ཞིག་ཏུ་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་པ་དང་ ཁོང་གིས་ ཐའེ་ལྦན་བདེ་སྲུང་ལྷན་ཁང་གིས་ལྦན་ཁྲན་ ཞེས་མིང་རྟགས་པའི་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་གྱི་ལས་གཞི་དེ་ཕྱི་ལོ་ ༢༠༡༤ ནས་ ༢༠༡༨ བར་སྤེལ་རྒྱུ་ཡིན་པ་དང་ དེ་ཡང་ཐའེ་ལྦན་རང་ཉིད་ཀྱིས་བཟོས་པའི་མཁའ་དམག་གནམ་གྲུས་སྟེགས་ཐུབ་པའི་མེ་ཤུགས་འཕུར་མདེལ་རིགས་བཟོ་བསྐྲུན་བྱེད་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

གལ་ཏེ་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་ལམ་ལྷོངས་འབྱུང་ཚེ་ ཐའེ་ལྦན་གྱི་མཁའ་དམག་གིས་རྒྱང་ཐག་རིང་པོའི་ས་ནས་རྒྱ་ནག་སྐམ་ས་ཆེན་པོའི་མཁའ་དམག་གི་རྟེན་གཞི་ཁག་དང་ མཚོ་ཁའི་གྲུ་གཟིངས་ཀྱི་རྟེན་གཞི་ཁག་ དེ་བཞིན་མེ་ཤུགས་འཕུར་མདེལ་རྟེན་གཞི་ཁག་ལ་གཏོར་རྒོལ་ཐུབ་པའི་ནུས་པ་དང་ལྡན་ཐུབ་རྒྱུ་ཡིན་པ་གསུངས་ཡོད་པ་རེད། 

ཐའེ་ལྦན་གྲོས་ཚོགས་ཀྱི་འཐུས་མི་ ལིན་གྱིས་གསུངས་ན་ ལྦན་ཁྲན་མེ་ཤུགས་འཕུར་མདེལ་རེར་གཏོར་རྒོལ་གྱི་མཚོན་ཆ་བརྒྱ་ཙམ་ཐོགས་ཐུབ་རྒྱུ་ཡིན་པ་དང་ ཐའེ་ལྦན་གྱིས་བཟོ་རྒྱུའི་མེ་ཤུགས་འཕུར་མདེལ་དེས་རྒྱ་ནག་སྐམ་ས་ཆེན་པོའི་ལྷོ་ཤར་མཚོ་ཁའི་རྟེན་གཞི་ཁག་ལ་གཏོར་རྒོལ་ལས་སླ་པོར་བྱེད་ཐུབ་རྒྱུ་ཡིན་འདུག།

ཐའེ་ལྦན་གྱི་བདེ་སྲུང་གནད་དོན་ཉམས་ཞིབ་པ་ཚོས་ རྒྱ་ནག་གིས་ཐའེ་ལྦན་ཕྱོགས་སུ་དམིགས་ཏེ་མེ་ཤུགས་འཕུར་མདེལ་གྲངས་ ༡༦༠༠ ཙམ་བཞག་ཡོད་པ་དང་ ཐའེ་ལྦན་གྱིས་རང་ཉིད་ཀྱི་བདེ་སྲུང་དམག་སྟོབས་རྒྱ་སྐྱེད་གཏོང་རྒྱུར་ཨ་མི་རི་ཀར་ ཨ་རིས་བཟོས་པའི་ཨེཕ༡༦ (F16)རྟགས་ཅན་གྱི་མཁའ་དམག་དང་ མཚོ་འོག་གྲུ་གཟིངས་་ དེ་བཞིན་བྱ་རྒོད་ནག་པོའི་མིང་ཅན་གྱི་ཐད་འཕུར་གནམ་གྲུ་སོགས་ཚོང་བསྒྱུར་ཡོང་བའི་རེ་འདུན་ལོ་མང་རིང་བཏོན་ཡོད་ཀྱང་ ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་འཕེལ་རིམ་གྱི་ཐོག་ནས་ད་བར་ཨ་མི་རི་ཀས་ཐའེ་ལྦན་གྱི་རེ་འདུན་ཁག་འགྲུབ་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎