ཐའེ་ལྦན་གཞུང་གིས་མཚོ་ཐོག་ཉེན་ཟོན་འཆར་གཞིའི་སྐོར།

ཐའེ་ལྦན་གཞུང་གིས་མཚོ་ཐོག་ཉེན་ཟོན་སྐོར་གཡེང་གི་མེ་ཤུགས་འཕུར་མདེལ་འཕར་མ་སུམ་བརྒྱ་བཟོ་བསྐྲུན་བྱ་རྒྱུའི་འཆར་གཞི་ཡོད་སྐོར་གནས་ཚུལ།

2008.10.27

༄༅༎ཐའེ་ལྦན་གཞུང་གིས་མཚོ་ཐོག་ཉེན་ཟོན་སྐོར་གཡེང་གི་མེ་ཤུགས་འཕུར་མདེལ་འཕར་མ་སུམ་བརྒྱ་བཟོ་བསྐྲུན་བྱ་རྒྱུའི་འཆར་གཞི་ཡོད་སྐོར་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ནང་འདོན་སྤེལ་བྱེད་པའི་རྒྱ་ནག་གི་དུས་བབ་ཅེས་པའི་གསར་ཤོག་གི་ཐོག་མཚན་འདོན་མ་གནང་བའི་ཐའེ་ལྦན་གྱི་གནས་ཡོད་དམག་དོན་འགོ་ཁྲིད་ཅིག་གིས་གནས་ཚུལ་ངོ་སྤྲོད་གནང་གི་ཡོད་སྐོར་བཀོད་ཡོད་པ་རེད།

ཐའེ་ལྦན་གྱི་བདེ་སྲུང་ལྷན་ཁང་གིས་གསར་ཤོག་ནང་ཐོན་པའི་གནས་ཚུལ་དེ་བདེན་པ་ཡིན་མིན་གྱི་ཐད་དགོངས་ཚུལ་གང་ཡང་གནང་མེད་པ་རེད།

གསར་ཤོག་དེའི་གནས་ཚུལ་གྱི་ནང་སྲིད་འཛིན་མ་དབྱིང་ཅོ་ཡིས་ཐའེ་ལྦན་གྱི་ད་ཡོད་སུའེང་ཕེང་ཞེས་པའི་མཚོ་ཐོག་ཉེན་ཟོན་སྐོར་གཡེང་གི་མེ་ཤུགས་འཕུར་མདའ་ཡོད་པ་དེ་འདྲ་བ་འཕར་མ་སུམ་བརྒྱ་གསར་བཟོ་དགོས་པའི་བཀའ་ཁྲོལ་གནང་ཡོད་སྐོར་བཀོད་ཡོད་པ་རེད། ད་ཡོད་ཐའེ་ལྦན་གྱི་སུའེང་ཕེང་ཞེས་པའི་མཚོ་ཐོག་ཉེན་ཟོན་སྐོར་གཡེང་གི་མེ་ཤུགས་འཕུར་མདའ་ཁག་ཐའེ་ལྦན་དམག་དཔུང་གི་ཀྲུང་ཧྲན་འཕྲུལ་རིག་ལག་རྩལ་ལྟེ་གནས་ཁང་གིས་བཟོ་བསྐྲུན་བྱས་པ་ཞིག་ཡིན་པ་དང་མེ་ཤུགས་འཕུར་མདའ་དེ་དག་ས་མཚོ་གང་ནས་ཀྱང་བེད་སྤྱོད་ཐུབ་པ་དང་དེ་དག་གིས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧའེ་བཅས་ལ་སྙོབ་ཐུབ་པ་དང་རྒྱ་ནག་ལྷོ་ཤར་གྱི་མངའ་ཁུལ་ནང་རྟེན་གཞི་བྱས་པའི་གནམ་ཐང་དང་མེ་ཤུགས་འཕུར་མདེའི་རྟེན་གཞི་ཁག་ལ་གཏོར་རྒོལ་ཐུབ་ཀྱི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད། གལ་ཏེ་གནས་ཚུལ་དེ་བདེན་པ་ཡིན་ཚེ་དེ་ནི་སྲིད་འཛིན་མ་དབྱིང་ཅོ་སྲིད་འཛིན་དུ་འོས་ཐོབ་ཀྱི་རྗེས་རྒྱ་ནག་དང་ཐའེ་ལྦན་ཕྱོགས་གཉིས་དབར་ཕན་ཚུན་གྱི་འབྲེལ་བར་ཅུང་ཡར་རྒྱས་ཕྱིན་པའི་རྣམ་པ་ཞིག་མངོན་རྒྱུ་ཡོད་ཀྱང་འབྲེལ་བ་དེ་ཡིད་ཆེས་འཕེར་བ་ཞིག་མེད་པ་ར་སྤྲོད་ཐུབ་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎