ཐེ་ཝན་རང་གིས་མཚོ་འོག་གྲུ་གཟིངས་བཟོ་རྒྱུ་ཡིན་པ།


2015.09.03
ཐེ་ཝན་གྱི་མཚོ་འོག་གྲུ་གཟིངས་SS-793རྟགས་ཅན། ༢༠༡༣ ཐེ་ཝན་གྱི་མཚོ་འོག་གྲུ་གཟིངས་SS-793རྟགས་ཅན། ༢༠༡༣
དྲ་བཤུས།/ibtimes

ཐེ་ཝན་ནང་མ་གནས་ཨ་སྒོར་ས་ཡ་མང་པོ་གནས་བའི་མཚོ་འོག་གྲུ་གཟིངས་གསར་པ་ཞིག་བཟོ་བསྐྲུན་བྱ་རྒྱུར་གཞུང་གིས་བཀའ་འཁྲོལ་གནང་འདུག
དེ་ཡང་ཐེ་ཝན་ནང་མ་གནས་ཐེ་སྒོར་ཐེར་འབུམ་གསུམ་དང༌། ཨ་སྒོར་ས་ཡ་༩༣་ཙམ་གནས་པའི་མཚོ་འོག་གྲུ་གཟིངས་གསར་པ་ཞིག་བཟོ་བསྐྲུན་བྱ་རྒྱུར་གཞུང་གིས་བཀའ་འཁྲོལ་ཐོབ་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཕྱོགས་ནས་དྲག་རྒོལ་གྱི་ཉེན་ཁ་ཡོང་གཞིར་ཁ་གཏད་བཅོག་རྒྱུའི་ཆེད། ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཕལ་མོ་ཆེ་བས་མཚོ་འོག་གྲུ་གཟིངས་མང་དུ་གཏོང་བཞིན་པ་ལྟར། ཐེ་ཝན་གྱིས་ཀྱང་འདས་པའི་ལོ་མང་རིང་ཨ་རིའི་ལག་ནས་མཚོ་འོག་གྲུ་གཟིངས་བརྒྱད་ཉོ་ཐབས་བྱས་ཡོད་ཀྱང༌། ད་བར་ཆབ་སྲིད་གནད་དོན་གྱི་རྐྱེན་པས་ཨ་རི་གཞུང་གིས་དེ་དག་ཚོང་འགྲེམ་བྱས་མེད་པར་བརྟེན། ལོ་རྗེས་མ་ནས་བཟུང་ཐེ་ཝན་རང་གི་ནང་མཚོ་འོག་གྲུ་གཟིངས་བཟོ་བསྐྲུན་བྱ་རྒྱུའི་ཆེད་གཞུང་གིས་ཨ་སྒོར་ས་ཡ་༩༣་ཙམ་གྱི་འགྲོ་གྲོན་བཀའ་འཁྲོལ་གནང་ཡོད་པ་དང༌། མཚོ་འོག་གྲུ་གཟིངས་བཟོ་བསྐྲུན་གྱི་ལས་གཞི་དེ་དག་ཕྱི་ལོ་ ༢༠༡༦ནང་འགོ་འཛུགས་ཀྱིས་དེ་ནས་བཟུང་ལོ་བཞིའི་ནང་ཚུད་ཚར་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་འདུག  
གནས་ཚུལ་ནང་གསལ་བར་བྱས་ན། ཐེ་ཝན་ལ་ད་ལྟའི་ཆར་མཚོ་འོག་གྲུ་གཟིངས་བཞི་ཡོད་པ་ནས་གཉིས་དམག་ཆེན་གཉིས་པའི་སྐབས་སུ་བཟོས་པའི་གྲས་ཡིན་པ་དང༌། ཡང་རྒྱ་ནག་ལ་མཚོ་འོག་གྲུ་གཟིངས་བདུན་བཅུ་ཙམ་ཡོད་པའི་གནས་ཚུལ་བཀོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎