རྒྱ་ནག་གིས་ཐའེ་ལྦན་ལ་གཏད་པའི་གོ་མཚོན་འགྲེམས་འཇོག།

རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ལ་མུ་མཐུད་ནས་ཁ་གཏད་དེ་གོ་མཚོན་འགྲེམས་འཇོག་བྱེད་རྒྱུ་མང་དུ་གཏོང་གི་ཡོད་པའི་སྐོར།

2009.10.20

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་ཕྱོགས་ནས་བར་ལམ་རྒྱ་ནག་དང་ཐའེ་ལྦན་བར་གྱི་འབྲེལ་ལམ་ཡར་རྒྱས་ཕྱོགས་སུ་མདུན་བསྐྱོད་བྱེད་བཞིན་པའི་གནས་སྟངས་ཡོད་མུས་ལ་མ་ལྟོས་པར་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ལ་མུ་མཐུད་ནས་ཁ་གཏད་དེ་གོ་མཚོན་འགྲེམས་འཇོག་བྱེད་རྒྱུ་མང་དུ་གཏོང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།

ན་ནིང་ཉིང་སྟོང་བརྒྱད་ལོར་ཐའེ་ལྦན་གོ་མིང་ཏང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཏེ་རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་མཁན་གོ་མིང་ཏང་གི་ཚོགས་གཙོ་མཱ་དབྱིང་ཇུ་ཡིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་དང་ཐའེ་ལྦན་མཚོ་ཁག་གཉིས་བར་གྱི་ཛ་དྲག་གི་གནས་སྟངས་དེ་ཞི་འཇམ་དུ་ཕྱིན་པའི་རྣམ་པ་ཡོད་ཅིང་ཡིན་ནའང་ཐའེ་ལྦན་སྲུང་སྐྱོབ་ལྷན་ཁང་གི་བཏོན་པའི་སྙན་ཐོའི་ནང་ལ་བར་ལམ་མཚོ་ཁག་གཉིས་བར་གྱི་ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་ཕྱིན་མིན་ལ་མ་ལྟོས་པར་རྒྱ་ནག་ཕྱོགས་ནས་ད་དུང་ཡང་ཐའེ་ལྦན་ཐོག་རྒོལ་རྡུང་གཏོང་ཆོག་གིས་ཁ་གཏད་དེ་འགྲེམས་འཇོག་བྱས་པའི་གོ་མཚོན་རྣམས་ཉུང་དུ་བཏང་མེད་པའི་ཁར་ད་དུང་ཡང་མུ་མཐུད་ནས་གོ་མཚོན་མང་དུ་གཏོང་གི་ཡོད་པ་མ་ཟད་དེའི་ནང་ནས་མེ་ཤུགས་འཕུར་མདེལ་མང་དུ་གཏོང་གི་ཡོད་པ་དེ་དག་གིས་གལ་ཏེ་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ལ་དྲག་པོའི་རྒོལ་རྡུང་གཏོང་དགོས་བྱུང་ཚེ་གཏོང་ཕྱོགས་ཀྱི་གྲ་སྒྲིག་ཨང་སར་བྱེད་ཀྱི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད། ན་ནིང་ཐའེ་ལྦན་གོ་མིང་ཏང་གི་ཚོགས་གཙོ་མཱ་དབྱིང་ཇུ་ཡིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་བར་གྱི་འབྲེལ་ལམ་ཡར་རྒྱས་ཕྱིན་པ་མ་ཟད་ཐའེ་ལྦན་གྱི་ཕྱོགས་ནས་རྒྱ་ནག་ཐོག་ལ་ཁ་གཏད་གདོང་ལེན་མི་བྱེད་པའི་ཐབས་ཁས་ཀྱི་སྲིད་ཇུས་འཛིན་རྒྱུའི་ཁས་ལེན་བྱས་ཡོད་པའི་ཁར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡང་ཛ་དྲག་དེ་ཆུང་དུ་ཕྱིན་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ཁ་གཏད་དེ་འགྲེམས་འཇོག་བྱེད་པའི་གོ་མཚོན་དེ་དག་ཐོག་མུ་མཐུད་བློ་འཚབ་བྱེད་ཡུལ་དུ་རང་གནས་ཡོད་པ་ལས་འགྱུར་བ་གང་ཡང་ཕྱིན་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎