ཐེ་ཝན་གྱི་སྲིད་འཛིན་གྱིས་ཐེ་ཝན་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་ཟེར།


2020.01.15
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen) ་མཆོག ༢༠༢༠།༡།༡༠ ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen) ་མཆོག ༢༠༢༠།༡།༡༠
AFP

ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་གྱིས་ཐེ་ཝན་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་ལ་རྒྱ་ནག་གིས་ང་ཚོར་བརྩི་བཀུར་བྱ་འོས་པ་ཡིན་ཞེས་གསུངས་ཡོད་འདུག
སྤྱི་ཟླ་དང་པོའི་ཚེས་༡༡་ཉིན། དམངས་གཙོའི་འདེམས་བསྐོ་བརྒྱུད་ནས་ཐེ་ཝན་གྱི་ལས་ཐོག་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་མཆོག་ལ་ཐེངས་གཉིས་པའི་སྲིད་འཛིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་པའི་རྗེས་སུ། སྤྱི་ཚེས་༡༥་ཉིན། དབྱིན་ཡུལ་གྱི་བྷེ་བྷེ་སེ་གསར་འགྱུར་ལས་ཁང་གིས་བཅར་འདྲི་ཞུ་སྐབས་ཁོང་མོས། ཐེ་ཝན་ནི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དེ་གསལ་བསྒྲགས་བྱ་དགོས་དོན་མེད། ང་ཚོ་སྔོན་མ་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན། ང་ཚོའི་རྒྱལ་ཁབ་ཀྱི་མིང་ལ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཐེ་ཝན་ཞེས་སུ་འབོད། ང་ཚོར་དཔལ་འབྱོར་དང་དམག་དོན། དམངས་གཙོའི་སྒྲིག་སྲོལ་ཤིན་ཏུ་ལེགས་གྲུབ་བྱུང་བ་ཞིག་ཡོད་སྟབས། རྒྱ་ནག་གིས་ང་ཚོར་བརྩི་བཀུར་བྱ་འོས་པ་ཡིན་ཞེས་དང་། ཡང་ཁོང་གིས་ལོ་ངོ་གསུམ་ལྷག་གི་རིང་ལ་རྒྱ་ནག་གིས་མུ་མཐུད་དུ་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་མཐོང་གིན་འདུག ཁོ་ཚོས་དམག་གྲུ་དང་མཁའ་དམག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་སྐོར་བསྐྱོད་ཀྱིས་འཇིགས་སྐུལ་བྱེད་ཀྱིན་ཡོད། ད་དུང་ཧོང་ཀོང་ནང་བྱུང་དང་འབྱུང་བཞིན་པའི་གནས་སྟངས་ལས། མི་རྣམས་ལ་འཇིགས་སྣང་དང་ཉེན་ཁ་ཡོད་པ་དངོས་སུ་ར་འཕྲོད་ཀྱིན་ཡོད་པའི་གནས་སྟངས་དེ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་གསུངས་ཡོད་ལ། ཡང་ཁོང་གིས་ང་ཚོ་ལ་གཞན་དང་ཐུན་མོང་མ་ཡིན་པའི་གནས་སྟངས་ཤིག་ཡོད་ཅིང་། ང་ཚོ་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན། དེ་བས་དོན་དག་གང་འདྲ་ཞིག་ཡིན་ནའང་སྣང་ཚུལ་འདིར་འགལ་ཟླ་བཟོས་པ་ཡིན་ན། མི་མང་གིས་ངོས་ལེན་གཏན་ནས་བྱ་མི་སྲིད་ཅེས་གསུངས་ཡོད་པ་རེད།
ཡང་ཁོང་ལ་རྒྱ་ནག་གིས་ཐེ་ཝན་ལ་དམག་ཤུགས་ཀྱིས་དབང་སྒྱུར་བྱ་མིན་ཐད་བཅར་འདྲི་ཞུ་སྐབས་སུ་ཁོང་གིས་གསུངས་དོན། དམག་འཁྲུག་ནི་ག་དུས་ཡིན་ནའང་འབྱུང་མི་སྲིད་པ་ཞིག་མིན། ཡིན་ནའང་རང་གིས་གྲ་སྒྲིག་ཡག་པོ་ཞིག་བྱ་རྒྱུ་དེ་གནད་འགག་ཡིན། དེ་དང་མཉམ་དུ་རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། རྒྱ་ནག་ལ་མཚོན་ན་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དེ་ལས་སླ་མོ་ཞིག་མིན་ཞེས་སོགས་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎