ཐེ་དབན་སྲིད་འཛིན་གོ་མིང་ཏང་ཚོཌ་པའི་ཚོཌ་གཙོ་གནང་འཆར།

ཐེ་དབན་གྱི་སྲིད་འཛིན་མ་ཡིང་ཅིའུ་ནས་གོ་མིང་ཏང་གི་ཚོགས་གཙོའི་རྒྱལ་ཁ་ཐོབ་རྒྱུའི་ལས་འགུལ་སྤེལ་རྒྱུ་འགོ་བཙུགས་ཡོད་པ་རེད།

2009.07.12

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་དབན་གྱི་སྲིད་འཛིན་མ་ཡིང་ཅིའུ་ཡིས་ཟླ་བ་འདིའི་ནང་འོས་འདེམས་བྱ་རྒྱུའི་ཐེ་དབན་གོ་མིང་ཏང་གི་ཚོགས་གཙོའི་རྒྱལ་ཁ་ཐོབ་རྒྱུའི་ལས་འགུལ་སྤེལ་རྒྱུ་འགོ་བཙུགས་ཡོད་པ་རེད།

དེ་ཡང་ཐེ་དབན་གཞུང་འཛིན་གོ་མིང་ཏང་གི་ཚོགས་གཙོ་ལྦུའུ་ཕེ་སིང་རིང་མིན་ཕྱི་ཟླ་དགུ་པའི་ནང་རྒན་ཡོལ་དུ་ཕེབས་ཀྱི་ཡོད་པར་བརྟེན་ཟླ་བ་འདིའི་ནང་ཁོང་གི་ཚབ་ཏུ་ཚོགས་གཙོ་གསར་པ་འོས་འདེམས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་ཞིང་ཚོགས་གཙོའི་གོ་གནས་དེར་རྩོད་ལེན་གནང་མཁན་ནི་གོ་མིང་ཏང་ནང་ནས་སྲིད་འཛིན་མ་ཡིང་ཅིའུ་ཁོ་ན་ཡིན་པ་རེད། ཁོང་གིས་གལ་ཏེ་གོ་མིང་ཏང་གི་ཚོགས་གཙོའི་འོས་མིའི་རྒྱལ་ཁ་ཐོབ་པ་ཡིན་ཚེ་བཅོས་བསྒྱུར་གཏོང་རྒྱུའི་ལས་དོན་ཐོག་ཚོགས་པའི་འཐུས་མི་ཚོའི་རྒྱབ་སྐྱོར་ཐོབ་ཐབས་བྱ་རྒྱུ་དང་ལྷག་པར་དུ་ཚོགས་པའི་རྩོད་གཞིར་གྱུར་བའི་དཔལ་འབྱོར་གྱི་དཀའ་རྙོག་སེལ་ཐབས་གནང་གི་ཡིན་ཞེས་ཁས་ལེན་གནང་གི་ཡོད་པ་རེད།

ཐེ་དབན་གོ་མིང་ཏང་ནི་འཛམ་གླིང་གི་ཆབ་སྲིད་ཚོགས་པའི་ནང་གི་དཔལ་འབྱོར་ཕྱུག་ཤོས་ཀྱི་ཚོགས་པ་ཞིག་ཡིན་ཞིང་ཕྱི་ལོ་ཉིས་སྟོང་དྲུག་ལོར་གོ་མིང་ཏང་གིས་སྙན་ཐོ་ཞིག་བཏོན་པའི་ནང་དུ་ཁོང་ཚོའི་ཚོགས་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་ནང་དུ་ཡོད་པའི་ཆབ་སྲིད་ཚོགས་པའི་ནང་ནས་དཔལ་འབྱོར་ཕྱུག་ཤོས་དེ་ཡིན་ཡང་ཕྱི་ལོ་༡༩༩༠གོ་གྲངས་ནང་དཔལ་འབྱོར་གྱི་མ་རྩ་གཞི་རྒྱ་ཆེན་པོ་ཞིག་འཛུགས་འཇོག་བྱས་པ་གྱོང་གུན་ཆེན་པོ་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་རེད། ཉེ་ཆར་སྲིད་འཛིན་མ་ཡིང་ཅིའུ་ཡིས་ཚོགས་པའི་ཚོགས་གཙོ་གསར་པའི་འོས་མིར་བཞུགས་རྒྱུའི་གསལ་བསྒྲགས་གནང་མ་ཐག་ཐེ་དབན་གོ་མིང་ཏང་གི་ད་ལྟའི་ལས་ཐོག་ཚོགས་གཙོ་ལྦུའུ་ཕོ་སིང་གིས་སྲིད་འཛིན་མ་ཡིང་ཅིའུ་ལ་ཚོགས་གཙོའི་རྒྱལ་ཁ་ཐོབ་པའི་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད་མ་འོངས་པའི་ཐེ་དབན་གྱི་སྲིད་འཛིན་གྱི་འོས་བསྡུའི་ནང་སླར་ཡང་གོ་མིང་ཏང་ལ་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎