ཐའེ་ལྦན་གྱིས་མ་འོངས་ལོ་བཅུའི་ནང་ཞི་གྲོས་འཇོག་འདོད།

ཐའེ་ལྦན་གྱིས་ལོ་བཅུའི་ནང་རྒྱ་ནག་སྐམ་ས་དང་ཞི་བདེར་གནས་རྒྱུའི་ཞི་བདེའི་མཐུན་གྲོས་ཤིག་འཇོག་རྒྱུའི་དགོངས་གཞི་ཡོད་ལུགས།

2011.10.17

༄༅༎ཐའེ་ལྦན་གྱི་ད་ལྟའི་གོ་མིང་ཏང་གཞུང་གི་སྲིད་འཛིན་མ་དབྱིན་ཇིའུ་མཆོག་གིས་གསུང་པར་གལ་ཏེ་ཐའེ་ལྦན་མི་མང་གིས་རྒྱབ་སྐྱོར་གནང་བ་ཡིན་ན་ང་ཚོ་ཐའེ་ལྦན་གྱིས་ལོ་བཅུའི་ནང་རྒྱ་ནག་སྐམ་ས་དང་ཞི་བདེར་གནས་རྒྱུའི་ཞི་བདེའི་མཐུན་གྲོས་ཤིག་འཇོག་རྒྱུའི་དགོངས་གཞི་ཡོད་ལུགས་གསུང་ཡོད་པ་རེད།
ད་ཕན་སྤྱི་ལོ་༢༠༠༨་ལོ་ནས་བཟུང་སྲིད་འཛིན་མ་དབྱིན་ཇིའུ་མཆོག་གིས་ཐའེ་ལྦན་གྱི་སྲིད་འཛིན་གནང་བ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ལྦན་གྱི་དབར་དཔལ་འབྱོར་འབྲེལ་བ་སོགས་གོང་འཕེལ་ཇེ་བཟང་དུ་གནས་ཡོད་ཀྱང་ཡིན་ནའི་རྒྱ་ནག་གི་ཕྱོགས་ནས་ཐའེ་ལྦན་རྒྱ་ནག་གི་ཆབ་འབངས་མངའ་འོག་ཡིན་ལུགས་དང་ཐའེ་ལྦན་རང་བཙན་གྱི་འདོད་ཕྱོགས་སུ་བསྐྱོད་ན་དྲག་པོའི་བཅིངས་བཀྲོལ་གཏོང་རྒྱུའི་ཉེན་བརྡའི་སྡིག་ར་ཡང་སེ་སྐུལ་བཞིན་གནས་མུས་ཡིན་པ་རེད།
སྲིད་འཛིན་མ་དབྱིན་ཇིའུ་མཆོག་གིས་རིང་མིན་སྲིད་འཛིན་འོས་བསྡུའི་ནང་བསྐྱར་འདེམས་ཡོིང་བའི་ཐུགས་རེ་གནང་གི་ཡོད་པ་དང་མ་འོངས་ལོ་བཅུའི་ནང་རྒྱ་ནག་དང་ཞི་བདེའི་མཐུན་གྲོས་འཇོག་རྒྱུའི་དགོངས་ཚུལ་ཡོད་ལུགས་གསུང་གི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག༎༎༎།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎